སི་ཁྲོན་གྱི་ཟས་རིགས་བདེ་འཇགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-03


        སྤྱི་ཟླ་11པའི་ཚེས1ཉིན། ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ཨུའི་གྲོས་ཚོགས་འཚོགས་ཏེ།  རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྫོང་འཛུགས་སྐྲུན་བྱེད་པའི་ཚོགས་རའི་ཡུལ་དངོས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་བསམ་འཆར་ལག་བསྟར་ལ་ཞིབ་འཇུག་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དང་། ཞིང་ཆེན་ཡོངས་ལྗང་མདོག་ཅན་དུ་བསྒྱུར་བའི་གནས་ཚུལ་སྐོར་ནས་སྙན་ཞུ་ལ་གསན་པར་མ་ཟད། འབྲེལ་ཡོད་ཀྱི་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
        གྲོས་ཚོགས་ཐོག་ཏུ། འབྲུ་རིགས་ནི་མི་དམངས་ཀྱི་འཚོ་རྟེན་ཡིན་པས་ཟས་རིགས་བདེ་འཇགས་ནི་ཤིན་ཏུ་གལ་ཆེན་ཡིན་པ་རེད།  ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་དམ་པོ་ཡོད་པས། ལས་ཀ་འདི་ལ་མཐོང་ཆེན་བྱེད་མིན་དང་ལས་ཀ་འདི་ལེགས་པོར་བསྒྲུབ་ཐུབ་མིན་འདི་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ཀྱི་དམིགས་ཡུལ་གྱི་འདུ་ཤེས་དང་། ཕྲག་ཏུ་བབས་པའི་འགན་འཁྲི། ལས་ཀའི་སྒྲུབ་ནུས་བཅས་ལ་ཐད་ཀར་ཉམས་ཚོད་ལེན་བྱེད་ཅིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྫོང་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་བྱ་བ་སྔར་ལས་ལེགས་པོ་ཤིག་བསྒྲུབ་དགོས་པའི་བླང་བྱ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1