སྤྱི་ཟླ་11པའི་ཚེས་2ཉིན་གྱི་དགོང་མོར། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་ཀྱིས་སྣེ་ལེན་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཚེས་2ཉིན་གྱི་སྔ་དྲོར། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་སྐབས་བརྒྱད་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་ལས་བགྲོ་གླེང་ཁྲེན་ཏུའུ་ནས་གཟབ་རྒྱས་ངང་བསྡུ་འཚོགས་བྱས་ཡོད།
རྒྱལ་དོན་ཨུ་ཡོན་ཝང་ཡུང་འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་ཐོག་ཞུགས་པར་མ་ཟད་གསུང་བཤད་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིན་མིན་འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་ཀྱི་ཐོག་ཏུ་ཞུགས། གྷི་ནེ་ཡའི་འཛིན་སྲིད་ཁོང་ཏའེ་དང་། འཇར་མན་གྱི་ཙུང་ལི་གཞོན་པ། དཔལ་འབྱོར་དང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཅ་པུའུ་ལི་ཨེར། ཨབ་གྷན་སི་ཐན་གྱི་ཙུང་ལི་གཞོན་པ་གཉིས་པ་ཏན་ཉི་ཧྲིན། བྷོ་ཧེར་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཏོ་ཏེས་ཁི། ཨུ་རུ་སུའི་ཚོང་ཟོག་ཐོན་སྐྱེད་མཁན་གྱི་མནའ་འབྲེལ་ཀྲུའུ་ཞི། ཙུང་ལི་གཞོན་པ་དང་པོ་སོ་སི་ཁི་ཝེ་ཚི། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཡུང་བཅས་འགོ་ཚུགས་པའི་མཛད་སྒོ་དང་གླེང་སྟེགས་ཐོག་ཏུ་ཞུགས་པར་མ་ཟད། སོ་སོས་གཏམ་བཤད་གནང་།