ཀྲུང་གོའི་གྲི་ཀུང་ཏང་གིས་གནད་སྨིན་དབུལ་སྐྱོར་གྱི་ཆ་སྒྲིག་རོགས་སྐྱོར་གྱི་བར་སྐབས་སྐུལ་འདེད་དང་མཉམ་མྱོང་བརྗེ་རེས་བགྲོ་གླེང་གྲོས་ཚོགས་དེ་ཀོང་ཡོན་གྲོང་ཁྱེར་ནས་འཚོགས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-23
སྤྱི་ཟླ་11པའི་ཚེས་22ཉིན། ཀྲུང་གོའི་གྲི་ཀུང་ཏང་གིས་གནད་སྨིན་དབུལ་སྐྱོར་གྱི་ཆ་སྒྲིག་རོགས་སྐྱོར་གྱི་བར་སྐབས་སྐུལ་འདེད་དང་མཉམ་མྱོང་བརྗེ་རེས་བགྲོ་གླེང་གྲོས་ཚོགས་དེ་ཀོང་ཡོན་གྲོང་ཁྱེར་ནས་འཚོགས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་9ནས་ཕེབས་པའི་གྲི་ཀུང་ཏང་གི་ས་གནས་ཀྱི་རྩ་འཛུགས་30ལྷག་ཀོང་ཡོན་གྲོང་ཁྱེར་དུ་འཛོམས་ནས། གཞི་རིམ་གྱི་གནས་ཚུལ་སྐོར་ལ་གསན་འཇོག་གནང་སྟེ། དབུལ་སེལ་འགག་སྒྲོལ་དང་ཆ་སྒྲིག་རོགས་སྐྱོར་གྱི་ཐད་ནས་ཉམས་མྱོང་བགྲོ་གླེང་བྱས།
གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། གྲི་ཀུང་ཏང་གིས་གནད་སྨིན་དབུལ་སྐྱོར་གྱི་ཆ་སྒྲིག་རོགས་སྐྱོར་ལས་ཀ་རིམ་གྱིས་སྤེལ་ཞིང་། ས་གནས་ཀྱི་རྩ་འཛུགས་35དང་རྒྱལ་ཁབ་རིམ་པའི་འབྲེལ་མཐུད་དབུལ་ཕོངས་ས་ཁུལ་15 རུ་ཆ་སྒྲིག་རོགས་སྐྱོར་སྤེལ་ནས། དེའི་ཁྲོད་དུ་ཡུན་ནན་དང་ཀོང་ཞི། ཀའེ་ཀྲུའུ་བཅས་ཀྱི་བྱེ་རྡོའི་ས་ཁུལ་དང་། ཝུའུ་ལིན་རི་ཁུལ། ཝུའུ་མོང་རི་ཁུལ། ཆིན་པ་རི་ཁུལ་སོགས་རྒྱལ་ཡོངས་ཀྱི་དབུལ་ཕོངས་གཙོ་གནད་ས་ཁུལ་བཅས་འདུས་ཤིང་། གཞི་རིམ་ཏུ་སྨན་བཅོས་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན། འཇོན་མི་ནང་འདྲེན་སོགས་ཀྱི་ཕྱོགས་ནས་མཉམ་ལས་བྱེད་པ་ཁྱབ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་གྲི་ཀུང་ཏང་ས་གནས་རྩ་འཛུགས་ཤར་ནུབ་བར་མཉམ་ལས་བྱེད་པའི་ལས་ཀ་སྤེལ།
ཐེངས་འདུའི་ཚོགས་འདུར་བཞུགས་པའི་འཐུས་ཚབ་པ་ཚང་མ་ནི་ཆ་སྒྲིག་རོགས་སྐྱོར་བྱེད་པའི་གྲི་ཀུང་ཏང་གི་ས་གནས་རྩ་འཛུགས་ཤར་ནུབ་བར་མཉམ་ལས་བྱེད་པའི་ལས་ཀ་སྤེལ་བར་མིང་རྟགས་འགོད་པའི་ལས་ཁུངས་ཡིན་པ་དང་། ཚོགས་ཐོག་ཏུ་དབུལ་སྐྱོར་ལས་ཀ་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་དམིགས་ནས། དབུལ་སྐྱོར་བྱེད་པའི་དོན་དངོས་ཀྱི་དཀའ་གནད་དང་གྲོས་འགོ་ལ་གསན་འཇོག་གནང་སྟེ། དབུལ་སྐྱོར་ལས་ཀར་སྐུལ་འདེད་བཏང་། ཀྲུང་དབྱང་གི་བཀོད་སྒྲིག་བྱས་པ་གཞིར་བཟུང་ནས། གྲི་ཀུང་ཏང་གིས་ད་དུང་སི་ཁྲོན་དུ་དབུལ་སེལ་འགག་སྒྲོལ་གྱི་དམངས་གཙོར་ལྟ་སྐུལ་དོ་དམ་ཁྱབ་སྤེལ་བྱས་ནས། ད་ལོའི་ཟླ་9བར་སི་ཁྲོན་དུ་རྟག་དཔྱད་ཞིབ་འཇུག་གནང་བར་བསྐྱོད་པར་མ་ཟད་སི་ཁྲོན་ཏུ་དབུལ་སེལ་འགག་སྒྲོལ་ཡོང་བར་ཁ་གཏད་ནས་གྲོས་འགོ་བདུན་བཏོན་ཏེ། རང་རེའི་ཞིང་ཆེན་དབུལ་སེལ་ཕྱུགས་འགྱུར་མངོན་འགྱུར་བྱུང་སྟེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་རེན་ཞའོ་ཕའེ་དང་། ཞིང་དཔོན་གཞོན་པ་དང་གྲི་ཀུང་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཡང་ཤིན་ཕིང་གཉིས་གྲོས་ཚོགས་ཐོག་ཏུ་ཞུགས་པར་མ་ཟད་གསུངས་བཤད་གནང་།།