ཧུང་ཡོན་རྫོང་གིས་མང་ཚོགས་ལ་གྱོང་གུན་ཐེབས་པའི་སྒོར་ཁྲི་80.5ཕྱིར་ཟློག་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-23


         ཟླ་9པའི་ཚེས་23ཉིན་ཧུང་ཡོན་རྫོང་གི་དྲག་རྡུང་བཅོས་སྒྲིག་གི་ལས་ཀ་སྤེལ་འགོ་ཚུགས་པ་ནས་བཟུང་། ཧུང་ཡོན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་མི་སེར་ཚོས་དོ་ཁུར་བྱས་ཡོད་པའི་དངོས་རྫས་དང་ནོར་ལུག་རྐུ་འཕྲོག རྒྱན་འཇོག་སོགས་ཁྲིམས་འགལ་ཉེས་གསོག་ལ་དྲག་རྡུང་བཅོས་སྒྲིག་བྱེད་པ་གཙོར་བཟུང་ནས། རྫོང་དེའི་སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་བཅོས་སྒྲིག་ཤུགས་ཆེན་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཧུང་ཡོན་རྫོང་གི་བཅོས་སྒྲིག་ལས་ཀ་སྤེལ་པ་ནས་བཟུང་། མི་དམངས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་ཐེབས་པའི་སྒོར་ཁྲི་80.5ཕྱིར་ཟློག་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1