《སྨན་ངོས་གསལ་བཤད་གློག་གི་སྒྲོན་མེ།》(སྟོད་ཆ་དང་སྨད་ཆ།) ཞེས་པ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། དེ་ནི་བོད་ཁུལ་ནས་བྱུང་བའི་བོད་སྨན་གྱི་ཐོན་ཁུངས་དང་དེའི་གནས་བབ། སྨན་གྱི་ངོ་བོ་དང་དབྱེ་བ། ཕན་ནུས། སྨན་སྦྱོར་བྱེད་ཚུལ་སོགས་རི་མོའི་ལམ་ནས་འགྲེལ་བཤད་བྱས་པའི་དཔེ་ཆ་ཞིག་ཡིན་ལ། འདིར་རིན་པོ་ཆེའི་རྡོ་དང་སའི་རིགས་དང་། ཤིང་གི་རིགས་ལ་ཆུ་སྐྱེས་རྩི་ཤིང་རི་སྐྱེས་རྩི་ཤིང་། སྲོག་ཆགས་ཀྱི་རིགས་ལ་གཅན་གཟན་དང་རི་དྭགས་སོགས་ཀྱི་སྨན་གྱི་རྒྱུ་ཆ་གལ་ཆེན་ཁག་པར་རིས་དང་སྦྲགས་ནས་ངོ་སྤྲོད་གསལ་བོར་བྱས་ཡོད་པས། བོད་ཀྱི་གསོ་རིག་ལ་སློབ་གཉེར་དང་ལག་ལེན་བྱེད་མཁན་གྱི་རྒྱ་ཆེའི་ཀློག་མཁན་རྣམས་ལ་ཤིན་ཏུ་འཕྲོད་ཅིང་ཀློག་བདེ་བའི་དཔེ་དེབ་ཅིག་ཡིན། །