ལོ་རྒྱུས་ཐོག་ཆེས་མགྱོགས་པའི་དམངས་སྤྱོད་གནམ་གྲུ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-25


        2016ལོའི་སྤྱི་ཟླ་11པའི་ཚེས་23ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ལི་ཁྲ་ཏེ་པུའུ་ལོན་སེན་ཅུའེ་ཧྲི་ཡིས་བར་སྣང་ནས་ཡུལ་སྐོར་བྱེད་ཐུབ་པའི་ཁྱད་དུ་འཕགས་པའི་འཆར་གཞི་རྣམ་གྲངས་ཤིག་མི་འགྱངས་པར་ཁྱབ་བསྒྲགས་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད། ཁོང་གིས་ཝེ་ཀྲེན་ཚོགས་པའི་གསར་གཏོད་པ་དང་སྒྲ་ལས་མྱུར་བའི་གནམ་གྲུའི་ཐོག་མའི་གསར་དུ་གཏོད་མཁན་གྱི་སྤྱི་གཉེར་ཁང་Boomལ་མཉམ་ལས་བྱས་ཤིང་། སྒྲ་ལས་མྱུར་བའི་XB-1འཕེལ་རིམ་གསལ་སྟོན་གྱི་དཔེ་མཚོན་གནམ་གྲུར་སྐུལ་འདེད་བཏང་། རླུང་འབུད་རྣམ་པའི་གནམ་གྲུ་འདིའི་འགྲོས་ཚད་དབྱིན་ལེ་1451(སྤྱི་ལེ་2335)ཡོད་པ་དང་། ཞེ་ཧོ་སྒྲ་ལས་མྱུར་བའི་གནམ་གྲུ་དང་བསྡུར་ན་དབྱིན་ལེ་100(སྤྱི་ལེ་160)ལས་མགྱོགས། ཉིའུ་ཡོ་ནས་ལོན་ཏོན་བར་དུ་ཆུ་ཚོད་3.5ཙམ་མ་གཏོགས་མི་དགོས་ཤིང་། རིན་གོང་ཨ་སྒོར་5000དགོས། ལོ་རྒྱུས་ཐོག་ཆེས་མགྱོགས་པའི་དམངས་སྤྱོད་གནམ་གྲུ་ཞེས་བཏགས་པའི་གནམ་གྲུ་འདི་སྤྱི་ལོ་2017ལོའི་ལོ་སྨད་དུ་ཐེངས་དང་པོ་གནམ་གྲུ་མཁའ་བསྐྱོད་ཚོད་ལྟ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1