རྔ་བའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་གསོ་སྐྱོང་སློབ་དེབ་13འགྲེམ་སྤེལ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-25


         གསར་འགོད་པས་ཉེ་ཆར་རྔ་བ་ཁུལ་ཞིང་ངལ་གཞུང་སྒྲུབ་ཁང་ལས་རྒྱུས་ལོན་བྱུང་བ་ལྟར་ན། 2010ལོ་ནས་བཟུང་། ལོ་ངོ་དྲུག་གི་རིང་ལ་རྔ་བའི་ཞིང་པ་དང་དགེ་རྒན། སློབ་མ། ཆེད་མཁས་པ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་གཟུགས་མེད་ཤུལ་བཞག་རིག་ཀྱི་ལག་རྩལ་གསོ་སྐྱོང་བསླབ་དེབ་ལེགས་གྲུབ་བྱུང་ནས་འགྲེམས་སྤེལ་མཛད་སྒོ་འཚོགས། 
        ངོ་སྤྲོད་བྱས་པ་ལྟར་ན། བསླབ་དེབ་ལས་མི་རིགས་སྲོལ་རྒྱུན་ལག་རྕལ་དང་མི་རིགས་རིག་གནས་ཀྱི་གོམས་གཤིས། མི་རིགས་ཀྱི་ཁྱད་ལྡན་ཟས་རིགས་སོགས་རིགས་གསུམ་དུ་དབྱེ་ཡོད། ཉེ་བའི་ལོ་འགའ་རིང་ལ། རྔ་བ་ཁུལ་གྱི་སྔ་རྗེས་སུ་ཆའང་བཟོ་དང་ཐང་ག བོད་བཟོའི་བརྐོས་རིས་སོགས་ཁྱད་ལྡན་གསོ་སྦྱོང་འཛིན་གྲྭ་ཐེངས་150བསྡུས་པ་དང་། སློབ་མ་9500ལྷག་ལ་གསོ་སྐྱོང་དང་བརྩམས་ཆོས་5000ལྷག་ལ་ཕྱིར་འཚོང་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1