ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ས་ཨིན་སི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-25


        སྤྱི་ཟླ་11པའི་ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ས་ཨིན་སི་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས་ཤིང་རྒྱལ་ཁབ་གཉིས་འཕེལ་རྒྱས་བཅོས་སྒྱུར་གྱི་གལ་ཆེའི་དུས་སྐབས་སུ་སླེབས་འདུག བཟོ་ཚོང་དང་དངུལ་འཇོག མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མདུན་ལྗོངས་ལེགས་པོ་ལྡན། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། སི་ཕེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་། རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད། ཀྲུང་གོ་དང་སི་ཕེན་གྱིས་འགྲོ་འོང་དམ་ཟབ་དང་ཕན་ཚུན་གྱི་རྒྱུས་ལོན་དང་ཆབ་སྲིད་ཡིད་ཆེས་གོང་འཕེལ་དུ་གཏང་དགོས་པར་མ་ཟད། དངོས་དོན་མཉམ་ལས་རྒྱ་སྐྱེད་དེ་ཞིང་ལས་དང་ཚན་རྩལ། དག་གཙང་ནུས་ཁུངས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱ་དགོས་ཞེས་བསྟན།
        ས་ཨིན་སི་ཡིས་སི་ཕེན་གྱིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་འབྲེལ་ལ་མཐོང་ཆེན་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གཏང་འདོད་པར་མ་ཟད། བཟོ་ཚོང་དང་དངུལ་རྩ། ཡུལ་སྐོར་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མི་ཆོས་བརྗེ་རེས་དམ་ཟབ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་སྦྱོར་རོགས་འདེགས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1