ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-25


        སྤྱི་ཟླ་11པའི་ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་ད་ལོའི་རྣོ་ལྕགས་དང་རྡོ་སོལ་ལས་རིགས་ཀྱི་ཐོན་ནུས་དོར་སྒྱུར་ལས་ཀའི་འོས་འགན་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཡར་ཞུ་ལ་གསན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟོག་ཞིབ་ཚན་ཆུང་མངགས་ཏེ་ཁེ་ལས་ཁ་ཤས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱ་རྒྱུར་གྲོས་ཐག་བཅད་པར་མ་ཟད། ཡང་བསྐྱར་ལས་རིགས་ཐོང་ཐང་དབང་ཡིག་དང་ཁས་ལེན་མེད་པར་བཏང་ནས་ལས་ཞུགས་ལས་སྤེལ་ལ་སྔར་ལས་སྟབས་བདེ་བཟོ་རྒྱུར་གྲོས་ཐག་བཅད། དེ་མིན་གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་སྤྱི་ཁབ་ཀྱི་ལུགས་དང་མི་མཐུན་པའི་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས།(བཟོ་བཅོས་འཆར་ཟིན། )》ལ་གྲོས་འཆམ་བྱུང་ནས་དོན་དག་སྔ་རྗེས་ཀྱི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1