​ ཞིང་དཔོན་དབྱི་ལི་ཡིས་ཐེ་ལན་དི་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཐ་ནཱ་ས་ལ་མཇལ་འཕྲད་གནང་ཡོད་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-30


                སྤྱི་11པའི་ཚེས་29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་ཐེ་ལན་དི་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཐ་ནཱ་ས་ལ་མཇལ་འཕྲད་གནང་བ།
               དབྱི་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཐ་ནཱ་ས་དང་ལྷན་ཕེབས་རྣམས་སི་ཁྲོན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཀྲུང་གོ་དང་ཐེ་ལན་དི་རྒྱལ་ཁབ་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། དུས་ཡུན་རིང་བོའི་མཛའ་མཐུན་རོགས་རེས་བྱེད་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བ་དང་། ཉེ་བའི་ལོ་འགའི་རིང་ལ་སི་ཁྲོན་དང་ཐེ་ལན་དི་གཉིས་ཀྱིས་བགྲོ་གླེང་མཉམ་ལས་བྱེད་ཤུགས་གཏིང་ཇེ་ཟབ་ཏུ་བཏང་། ལྷག་པར་དུ་ཡུལ་སྐོར་འགྲོ་འོང་བྱེད་ཚད་ཉིན་བཞིན་ཇེ་མང་དུ་འགྱུར་བཞིན་ཡོད་པས། ཚང་མས་མཉམ་གཅིག་ཏུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གོ་སྐབས་དམ་འཛིན་བྱས་ནས། མ་འཇོག་བརྗེ་རེས་བྱེད་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཐོག   ཐོན་ལས་དང་ཡུལ་སྐོར། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཁྲོད་ཀྱི་མཉམ་ལས་གཏིང་ཟབ་བྱེད་པར་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཐེ་ལན་དིའི་ས་གནས་གཉིས་བར་ཕན་ཚུན་གཉིས་ཕན་མཉམ་རྒྱལ་ཡོང་བའི་མཛའ་མཐུན་གྱི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།


              ཐ་ནཱ་ས་ཡིས་ཐེ་ལན་དི་སྲིད་གཞུང་གིས་ཐེ་ལན་དི་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་གནང་ནས། ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དང་ཁེ་ལས་བར་གཉིས་ཕན་མཉམ་རྒྱལ་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ཡུལ་སྐོར་ལས་རིགས་ཚུད་པའི་ཁྱབ་ཁོངས་མང་པོར་གཏིང་ཟབ་སྒོས་འཕེལ་རྒྱས་གཏོང་བའི་མཉམ་ལས་ནང་རྐྱེན་འཛུགས་པར་སྐུལ་འདེད་བཏང་ནས། ཐེ་ལན་དི་དང་སི་ཁྲོན་གྱི་ཡུལ་སྐོར་བ་དང་མ་དངུལ་འཇོག་མཁན་གྱིས་སྔར་ལས་སྤུས་ལེགས་ཀྱི་ཞབས་ཞུ་མྱོང་རོལ་ཐུབ་པར་བྱས་ཏེ། མུ་མཐུད་དུ་མི་དམངས་ཕན་ཚུན་བར་གྱི་མཛའ་བརྩེ་སྲ་བརྟན་དང་མཉམ་གཅིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་པའི་གྲོས་གཞི་བཏོན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1