ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཀྲུའུ་ཏེ་སྐུ་འཁྲུངས་ནས་ལོ་འཁོར་130ལོན་པར་རྗེས་དྲན་གྱི་བཞུགས་མོལ་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30


        སྤྱི་ཟླ་11པའི་ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། བློ་མཐུན་ཀྲུའུ་ཏེ་སྐུ་འཁྲུངས་ནས་ལོ་འཁོར་130ལོན་པར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བ་ནི་གསར་བརྗེ་རྒན་རབས་པ་དང་གསར་བརྗེ་སྔོན་རབས་པ་ཁྲི་སྟོང་མང་པོས་མི་ཚེ་གང་བོར་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་བསྡུས་དང་དཀའ་སྤྱད་འབད་བརྩོན། སྤོབས་པ་ཆེར་བསྐྱེད་ཀྱིས་མུ་མཐུད་དུ་གསར་བརྗེ་སྔོན་རབས་པས་གསར་སྐྲུན་བྱས་པའི་རླབས་ཆེན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་བ་དང་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས་ཞེས་བསྟན།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་རྗེས་དྲན་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཏེ་ཅང་གིས་བཞུགས་མོལ་གྲོས་ཚོགས་ལ་གཙོ་འཛིན་མཛད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1