རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་ཚབས་ཆེན་འགོག་བཅོས་ཀྱི་ལས་ཀའི་པུའུ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཙེ་ནད་འགོག་བཅོས་ཀྱི་ལས་ཀའི་ཨུ་ལྷན་གྱི་སྐབས་གསུམ་པའི་གྲོས་ཚོགས་པེ་ཅིང་དུ་འཚོགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30
སྤྱི་ཟླ་11པའི་ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་ཚབས་ཆེན་འགོག་བཅོས་ཀྱི་ལས་ཀའི་པུའུ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཙེ་ནད་འགོག་བཅོས་ཀྱི་ལས་ཀའི་ཨུ་ལྷན་གྱི་སྐབས་གསུམ་པའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་། ཨེ་ཙི་ནད་སོགས་རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པར་ཤུགས་སྣོན་བྱེད་པ་ནི་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་ལྡན་གྱི་འགན་སྲུང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨེ་ཙི་ནད་འགོད་བཅོས་བྱ་བ་བཟང་བོར་བསྒྲུབ་པར་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། འགོག་བཅོས་ལས་ཀའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། དེར་ཁས་ལེན་གང་ལེགས་ཐོབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཨེ་ཙི་ནད་འགོག་བཅོས་བྱེད་པའི་ལས་ཀའི་གནད་ས་དང་དཀའ་ཁག་ཆེ་བའི་གནད་དོན་ལ་དམིགས་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་བར་ཨེ་ཙི་ནད་མཆེད་པར་སྔོན་འགོག་བྱེད་པའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྔོན་འགོག་གཙོར་འཛིན་དང་འགོག་བཅོས་མཉམ་འབྲེལ། ཕྱོགས་བསྡུས་བཅོས་སྐྱོང་ལ་མཐོང་ཆེན་བྱས་ནས་དོན་དངོས་དང་མཐུན་པའི་སྒོ་ནས་དྲིལ་སྒྲོག་སློབ་གསོའི་ཁ་གཏད་རང་བཞིན་དང་ཕྱོགས་བསྡུས་ཐེ་གཏོགས་ཀྱི་ཕྱོད་ཕན་རང་བཞིན། རྟོག་བཤེར་བློ་འདྲིའི་དུས་བསྟུན་རང་བཞིན། སྐབས་བསྟུན་ཞབས་ཞུའི་ཚད་ལྡན་རང་བཞིན་མཐོར་འདེགས་སུ་དགོས་པ་དང་། ཕྱོགས་ཡོངས་ནས་ནད་ཡམས་ཁྱབ་གདལ་ལ་སྔོན་འགོག་དང་སྲིད་ཇུས་བྱེད་ཐབས་ལག་བསྟར། དེ་མིན་སྔོན་འགོག་གྲོན་དངུལ་འགན་སྲུང་དང་སྨན་རྫས་གསར་བཏོད། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གོམ་གང་མདུན་སྤོས་སྒོས་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་མུ་མཐུད་དུ་རང་རྒྱལ་གྱི་ཨེ་ཙེ་ནད་ཡམས་ལ་ཚོད་འཛིན་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།།