ཕུལ་བྱུང་སྒྲོལ་མ།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 06-29


    ཕུལ་བྱུང་སྒྲོལ་མ་ནི་སི་ཁྲོན་རྔ་བ་རྫོང་བསུ་བ་སྡེ་བ་རུ་ལྟེ་ཁྲག་ས་ལ་འཕོས་བ་དང་ལང་ཚོའི་འདབ་ལག་རྒྱས།  ཁོ་མོ་ལོ་ཆུང་དུས་ནས་མེ་ཏོག་བཞིན་མཛེས་བའི་ལང་ཚོ་ཞིག་དང་ཁུ་བྱུག་བཞིན་འཇེབས་པའི་སྐད་ངག་ཅིག་ལྷན་སྐྱེས་ཞིག་ཡོད་ལ། ད་དུང་དེ་ལས་ཀྱང་མཛེས་བ་ནི་ཞི་དུལ་གཤིས་བཟང་དང་བག་ཡོད་ཚུལ་ལྡན་གྱི་བུ་མོ་ཡ་རབས་ཞིག་གི་ཀུན་སྤྱོད་རང་ཆས་སུ་མངའ་བའི་ཀུན་གྱི་བསྟོད་པའི་མེ་ཏོག་དང་དགའ་བའི་མཛུམ་མདངས་འཐོར་བཞིན་ཡོད། 
    ཁོ་མོ་ཆུང་དུས་ནས་དྲིན་ཆེན་ཕ་མ་བྱམས་སྐྱོང་འོག་གཟི་མདངས་འཕྲོ་བའི་ཤེས་རིག་གི་ལམ་སྣེ་འཇུས་ཏེ་སློབ་གཉེར་གྱི་ལོ་ཟླའི་འགྲོས་དང་བསྟུན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་མྱོང་བའི་ཤེས་ལྡན་ཞིག་གམ་སྨྱུག་ཐོག་པ་ཞིག་ཡིན་ལ།  གླུ་གར་སྒྱུ་རྩལ་གྱི་གར་སྟེགས་ཆེ་ཆུང་གང་མང་བརྒྱུད་མྱོང་བའི་གླུ་མ་གྲགས་ཅན་ཞིག་ཀྱང་ཡིན།  2000ལོ་ནས་2004བར་ཁོ་མོས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་དེ་སྨན་དཔྱད་གསོ་རིག་གི་གཞུང་ལ་སྦྱངས་པ་དམན་པ་མཛད་པ་དང་སྨན་བཅོས་ལག་ལེན་གྱི་སྦྱོང་བརྡར་གང་མང་མཛད་མྱོང་།  2007ནས་2009བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྩོམ་རིགས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་སྦྱངས་བརྩོན་ལྷོད་མེད་བྱས་ནས་ཤེས་རིག་གི་བློ་གཤོག་རྒྱས་པར་བྱས།  2009ལོར་དགེ་རྒན་གྱི་ལས་གནས་སུ་ཞུགས་ཏེ་ད་བར་དུ་རྔ་བ་རྫོང་སྤྲོ་ཚིགས་དཀྱིལ་སྙིང་སློབ་ཆུང་ནས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་བསྐྱེད་སྲིང་གནང་དང་གནང་བཞིན་མཆིས། 
   ཁོ་མོས་གླུ་གར་སྒྱུ་རྩལ་གྱི་ཕྱོགས་ལའང་ཞབས་ཞབས་རྗེས་བཀོད་པ་ནི་2005~2007བར་སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུའི་སྐལ་བཟང་སྒྱུ་རྩལ་ཚོགས་པ་ནས་གླུ་དབྱངས་བླངས་པ་དང་2007ལོར་ཆེད་སྒྲིག་བརྙན་འཁོར་ཐོག་མ་<ལུག་རྫི་བུ་མོ>འགྲེམ་སྤེལ་བྱས་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ། 2007ལོ་མཚོ་སྔོན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་དགོང་ཚོགས་གང་མང་ལ་ཞུགས།   2010
ལོར་ཆེད་སྒྲིག་བརྙན་འཁོར་གཉིས་པ་<ཟླ་བའི་བུ་མོ>འགྲེམ་སྤེལ་བྱས།      2013ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་གསར་དུ་བསྐྲུན་པའི་གཞས་ར་ཁྲ་མོའི་གར་སྟེགས་སུ་བུད་དེ་སྐད་ངག་སྙན་མོའི་དབྱངས་རྟ་དེ་ཁ་བ་རི་བའི་ཡུལ་ལུང་ཀུན་དུ་སྒྲོག་པ་དང་མོས་བླ་ན་མེད་པའི་རིགས་ཞེན་གྱི་ལྷག་བསམ་དྭངས་མོ་དེས་ནམ་ཡང་ཁ་བ་རི་བའི་སྤུན་ཟླ་ཡོངས་ལ་བདེན་དོན་གྱི་འབོད་སྐུལ་གཏོར་གྱིན་ལ་དང་ལེགས་སྐྱེས་ཀྱི་མེ་ཏོག་ཡོད། 
     


རྩོམ་ཡིག་སྔོན་མ།
གཡང་ཕྱུག་མཚོ།
རྩོམ་ཡིག་རྗེས་མ།
རིག་མཆོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1