རིག་མཆོག

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 06-29


     ཡུལ་མདོ་དབུས་མཐོ་སྒང་དུ་གླུ་སྐད་སྙན་མོའི་དབྱངས་རྟ་སྤུར་མྱོང་བའི་བོད་ཀྱི་གླུ་བ་རིག་མཆོག་ནི། ཁམས་རྟའུ་རྫོང་གཡུ་ཁོག་རྡོ་རྗེ་གཡུ་ཁྲོམ་གྱི་གནས་ཞོལ་དུ། སྤྱི་ལོ་1985ལོར་ལང་ཚོའི་མྱུ་གུ་འབུས་ཤིང་། ལོ་ན་ཆུང་དུས་ནས་བོད་ཀྱི་དབྱངས་གསལ་སོ་བཞིའི་འོད་ངོགས་ལ་ནན་གྱིས་འཇུས་ཏེ་ཕ་ཡུལ་ངོ་ཤེས་པ་དང་། ཕ་སྐད་ཀྱི་བླ་སྲོག་ཆགས། 2005ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་བོད་ཀྱི་གསོ་བ་རིག་པ་ལ་ཆེད་སྦྱོང་བྱས་པ་མ་ཟད། བོད་ཀྱི་རིག་གནས་ཆ་ཚང་སྦྱང་ནས་ལེགས་མཐར་ཕྱིན། དེ་ནས་བཟུང་རང་གི་དགའ་ཕྱོགས་ལྟར་ཕ་སྐད་གཙང་མའི་གླུ་དབྱངས་ལེན་རྒྱུ་ཆེད་གཉེར་གྱིས་སྔ་གཞུག་ཏུ། ན་ཆུང་གི་རྩེད་གླུ། སྒྲ་དབྱངས་སྙན་མོ། མཛེས་པའི་གཡུ་ལྗོངས། ཞི་བདེ་བསུ་བའི་དུང་སྒྲ། ཉམ་ཆུང་གི་ལས་དབང་སོགས་སྒེར་གཉེར་ཆེད་སྡེར་འགྲེམ་སྤེལ་མྱོང་བ་དང་། རང་གི་ཕ་སྐད་གཙང་མའི་གླུ་གཞས་ཆེད་བསྒྲིགས་ཞི་བདེའི་འཕྲིན་པ་ཡང་འགྲེམ་སྤེལ་མྱོང་བར་མ་ཟད། མདོ་དབུས་ཁམས་གསུམ་གྱི་གླུ་བ་དང་གླུ་མ་ཚོ་དང་མཉམ་དུ་སེམས་འདུན་གྱི་རོལ་དབྱངས་འཕྱུར་བའི་གླུ་སྐད་དུ་མ། རིགས་གཅིག་སྤུན་ཟླ་ཚོའི་སྙན་སྒྲོན་དུ་ཕུལ་བས་རྒྱ་ཆེའི་སྤུན་ཟླ་ཉན་མཁན་དང་བལྟ་མཁན་ཚོས་ཀྱང་དགའ་བསུའི་ཐལ་སྒྲ་སྒྲོག་བཞིན་ཡོད།  
 


རྩོམ་ཡིག་སྔོན་མ།
ཕུལ་བྱུང་སྒྲོལ་མ།
རྩོམ་ཡིག་རྗེས་མ།
སྒྲོན་པེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1