སྤྱི་12ཚེས་6ཉིན། མཚོ་སྔོན་ཞིང་ཆེན་གྱི་པར་ལེན་སྒྱུ་རྩལ་འགྲེམ་སྟོན་སྐབས་བཅུ་བདུན་པ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་གཉེར་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་པར་ལེན་མཁན་གྱི་བརྩམས་ཆོས་ཕུལ་བྱུང་དག་ཟི་ལིང་དུ་འགྲེམ་སྟོན་བྱས་ནས། གཟིགས་མོ་བ་ཚོར་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་རེད།།