ཞི་ཅིན་ཕིང་གིས་ག་པོན་གྱི་སྲིད་འཛིན་པང་ཀི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-08


 
        སྤྱི་ཟླ་12པའི་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ག་པོན་གྱི་སྲིད་འཛིན་པང་ཀི་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་གྱིས་འབྲེལ་བ་བཙུགས་ནས་ལོ་ངོ་42འགོར་བའི་རིང་ལ། ཀྲུང་གོ་དང་ག་པོན་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་ཕྱིན་ཞིང་། ཕྱོགས་གཉིས་ཀྱིས་མཛའ་མཐུན་ལྷག་བསམ་དང་འདྲ་མཉམ་གྱི་ལྟ་འཛིན་བཟུང་བ་དང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས་ཤིང་། ཆབ་སྲིད་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གྱུར་བ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲན་པ་རེད།  ཀྲུང་གོ་ཕྱོགས་ཀྱིས་ཀ་ཕིན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་དང་འབྲེལ་འདྲིས་རྒྱ་སྐྱེད་ཅིང་། སྲིད་གཞུང་སྡེ་ཁག་དང་སྲིད་འཛིན་ཏང་། གྲོས་ཁང་། ས་གནས་སྲིད་གཞུང་སོགས་རིམ་པ་སོ་སོའི་བརྗེ་རེས་སྔར་ལས་ཇེ་མང་དུ་བཏང་ནས། ཆབ་སྲིད་ཡིད་ཆེས་དེ་མཉམ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་འདོད་པར་མ་ཟད། ཞིང་ལས་མཉམ་ལས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་གྲོས་བསྡུར་བྱས་ཏེ་ག་པོན་ཕྱོགས་ཀྱི་ཡུལ་སྐོར་དང་དངུལ་རྩ། གློག་འཕྲིན་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་འདོད། དེ་མིན་ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། འཕྲོད་བསྟེན། མི་ཤུགས་ཐོན་ཁོངས་ཀྱི་གསར་སྤེལ། ན་གཞོན། བུད་མེད། སྨྱན་སྦྱོར་སོགས་ཁྱབ་ཁོངས་སུ་སྣ་འཛོམས་རང་བཞིན་གྱི་མི་ཆོས་བརྗེ་རེས་སྤེལ་ནས་རྒྱལ་ཁབ་གཉིས་ཀྱིས་སྲིད་གཞུང་གི་རིག་གནས་མཉམ་ལས་ཀྱི་ཇུས་ཆོད་དེ་2016ལོ་ནས་2020བར་གྱི་ལག་བསྟར་འཆར་གཞི་དོན་འཁྱོལ་ལེགས་པོ་བྱ་དགོས་ཞེས་བསྟན། 
       པང་ཀི་ཡིས་ག་པོན་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ག་པོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་འཇོག་དང་ཞིང་ལས། གཏེར་རྫས། ཚན་རྩལ། གནས་སྐོར། དངུལ་རྩ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། སློབ་གསོ་དང་འཕྲོད་བསྟེན་སོགས་མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱ་འདོད། དེ་མིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་འཆར་གཞི་བཅུའི་སྒྲོམ་གཞི་འོག་གི་འབྲེལ་ཡོད་མཉམ་ལས་ལ་ཟབ་ཞུགས་བྱས་ཏེ་རྒྱུན་ཆད་མེད་པར་ཧྥེ་གླེང་དང་ཀྲུང་གོའི་མཛའ་འབྲེལ་གཏིང་ཟབ་ཏུ་སྤེལ་འདོད།  ག་པོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་རོགས་འདེགས་དམ་པོ་བྱེད་པར་འབད་བརྩོན་བྱ་འདོད་ཅེས་བསྟན།། 
     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1