ལི་ཁེ་ཆང་གིས་དབྱིན་ཀི་ལི་ཞི་ཡིས་ནིའུ་ཟེ་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-14
སྤྱི་ཟླ་12པའི་ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པིར་དབྱིན་ཀི་ལི་ཞི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་ཁོང་གིས་ནིའུ་ཟེ་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས།
ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ནིའུ་ཟེ་ལན་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་འབྲེལ་བ་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན། སང་ལོ་ནི་ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་45འགོར་བའི་ལོ་ཡིན་ཞིང་། ངས་སྐུ་ཞབས་ཙུང་ལི་དང་མཉམ་དུ་འབད་པ་ཆེན་པོས་མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་དོན་མཉམ་ལས་རྒྱ་སྐྱེད་དང་ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་བར་རེ་སྒུག་བྱས་ཡོད་ཅེས་བསྟན།།