དགུན་དུས་སུ་སི་ཁྲོན་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་མང་པོ་ལས་འཚམས་བཞག་ཡོད་ཀྱང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དེ་ད་དུང་ལས་འཚམས་བཞག་མེད། ལས་བྱེད་པ་ཡོངས་ཀྱིས་གཞུང་ལམ་དེ་2018ལོར་ལེགས་འགྲུབ་བྱུང་པར་འབད་པ་བྱེད་བཞིན་འདུག
གཡག་རྔ་ནས་དར་མདོ་བར་གྱི་གཞུང་ལམ་ནི་སི་ཁྲོན་གཤོང་ས་ནས་མཚོ་བོད་མཐོ་སྒང་བརྒྱུད་པའི་ལམ་རྒྱུད་ཅིག་ཡིན་ཞིང་། རིང་ཚད་ཧྲིལ་པོར་སྤྱི་ལེ་135ཡོད་པ་དང་། མཚོ་འཕགས་ཀྱི་བར་ཁྱད་ལ་1900ཡོད་པས་འཛུགས་སྐྲུན་གྱི་ཁྲོད་དུ་དཀའ་ཁག་མང་པོར་འཕྲད་པ་རེད།།