ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྲིད་འཛིན་སད་ཞི་ལ་སེམས་གསོའི་གློག་འཕྲིན་བཏང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-15
སྤྱི་ཟླ་12པའི་ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྲིད་འཛིན་སད་ཞི་ལ་སེམས་གསོའི་གློག་འཕྲིན་བཏང་། ཁོང་གིས་སྤྱི་ཟླ་12པའི་ཚེས་11ཉིན། ཨེ་ཅིབ་ཀྱི་ལྷ་ཁང་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་སྲིད་འཛིན་སད་ཞི་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི། རྨས་མ་དག་ལ་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཞིང་། བློ་བརྟན་འགྱུར་མེད་སྒོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་མུ་མཐུད་དུ་ཨེ་ཅིབ་ཕྱོགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་འགན་སྲུང་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་རྒོལ་བར་རྒྱབ་སྐྱོར་བྱ་འདོད་ཅེས་བསྟན།
སྤྱི་ཟླ་12པའི་ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨེ་ཅིབ་ཀྱི་ཙུང་ལི་ཡེ་ལི་སི་མིར་ལ་སེམས་གསོའི་གློག་འཕྲིན་བཏང་། ཁོང་གིས་སྤྱི་ཟླ་12པའི་ཚེས་11ཉིན། ཨེ་ཅིབ་ཀྱི་ལྷ་ཁང་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་ཨེ་ཅིབ་ཀྱི་ཙུང་ལི་ཡེ་ལི་སི་མིར་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི། རྨས་མ་དག་ལ་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུས། །