གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་བྱེད་སྒོའི་སྟེགས་བུ་ལ་བརྟེན་ནས་མི་རིགས་རིག་གནས་འཕེལ་རྒྱས་དང་རྒྱུད་འཛིན་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-19


             གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་པ་དང་། མི་རིགས་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་བྱེད་པའི་ལས་ཀ་ཇི་ལྟར་བསྒྲུབ་དགོས་པའི་ཐད་ཀྱི་དྲིས་ལན་ད་ལྟ་ང་ཚོས་གཞི་རྩིས་ཐོག་རྙེད་ཡོད་དེ། ཉེ་ཆར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཁྲང་ཕིང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་ནས་སི་ཁྲོན་དུ་རྟག་དཔྱད་ཞིབ་འཇུག་ལ་ཕེབས་པར་མ་ཟད། ཁྲེན་ཏུའུ་རུ་སི་ཁྲོན་ཞིང་ཆེན་གྱི་མི་རིགས་ལས་ཀར་རྟག་དཔྱད་ཞིབ་འཇུག་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས། རང་རེའི་ཞིང་ཆེན་གྱིས་སྤེལ་བའི་འབྲེལ་ཡོད་ལས་ཀའི་སྐོར་ལ་ཁས་ལེན་གང་ལེགས་གནང་། ཉིན་དེར། ལི་ཁྲང་ཕིང་དང་ལྷན་ཕེབས་རྣམས་སྔ་རྗེས་སུ་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་མངོན་མིན་ཤུལ་བཞག་རིག་གནས་གླིང་དང་། སི་ཁྲོན་ཞིང་ཆེན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ལྟེ་གནས་བཅས་སུ་ཕེབས་ནས། བོད་དང་ཆང་རིགས། དབྱི་རིགས་བཅས་ཀྱིས་རིག་གནས་འགྲེམ་སྟོན་བྱས་པར་ལྟ་སྐུལ་ཞིབ་བཤེར་དང་རྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རིག་གནས་ཐིང་། ཁྲེན་ཏུའུ་གྲོང་ཁྱེར་སྲིད་གཞུང་དང་། ཁྲེན་ཏུའུ་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུས་ཀྱིས་འབྲེལ་ཡོད་བྱ་བའི་སྐོར་གྱི་སྙན་ཞུ་ལ་གསན། 
             ལི་ཁྲང་ཕིང་གིས་མི་རིགས་ལས་ཀ་ལེགས་པོར་བསྒྲུབ་པ་དང་། མི་རིགས་རིག་གནས་ལ་སྲུང་སྐྱོང་དང་རྒྱུད་འཛིན། གསར་སྐྲུན་འཕེལ་རྒྱས་གཏོང་བ་ནི་ང་ཚོས་བཟློག་མེད་ཀྱི་འགན་འཁྲི་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ལ་ཡིད་ཆེས་དང་། གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆས་བཅས་བྱས་ནས།གྲངས་ཉུང་མི་རིགས་ཀྱི་གཟུགས་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་མི་རིགས་ཀྱི་དཔེ་རྙིང་ཁག་ལེགས་སྒྲིག་དང་དཔེ་སྐྲུན་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་མིན་ཀྲུང་གོའི་ཁྲེན་ཏུའུ་ཡི་གཟུགས་མེད་ཤུལ་བཞག་རིག་གནས་བྱེད་སྒོ་སྤེལ་བ་སོགས་ཀྱི་སྟེགས་བུ་ལ་བརྟེན་ནས། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གཟུགས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཁག་གཅིག་བསྡུས་འགྲེམ་སྟོན་བྱེད་པ་དང་། མུ་མཐུད་དུ་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་པའི་གྲུབ་འབྲས་མངོན་པར་བྱ་དགོས། སྲུང་སྐྱོང་དང་རྒྱུད་འཛིན། གསར་སྐྲུན་བྱེད་པའི་མི་རིགས་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། མི་རིགས་རིག་གནས་འཛམ་གླིང་ཐོག་བསྐྱོད་པ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས་ཅེས་བསྟན།  
              རང་རེའི་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་མི་རིགས་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་བྱེད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། མི་ཤུགས་དང་དངོས་ཤུགས། ནོར་ཤུགས་སོགས་ཀྱི་སྟོབས་ཤུགས་བཏོན་ཡོད་པས། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་139དང་ཞིང་ཆེན་རིམ་པའི་རྣམ་གྲངས་522ལ་སླེབས་པ་དང་། རགས་རྩིས་བྱས་པ་ལྟར་ན། ད་ལྟ་སི་ཁྲོན་གྱིས་ས་ཕྱོགས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་དེབ་ཁྲི་49ལྷག་ལེགས་སྒྲིག་བྱས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1