རང་རེའི་ཞིང་ཆེན་གྱིས་ཟླ་གཅིག་གི་སྔོན་དུ་ལོ་ཧྲིལ་བོར་སྦགས་བཙོག་ཉུང་གཏོང་གི་འགན་ལེགས་འགྲུབ་བྱུང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-27


              སྤྱི་ཟླ་12པའི་ཚེས་26ཉིན་གསར་འགོད་པའི་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན།  སྔོན་གྱི་ཟླ་11པའི་ནང་དུ། ཞིང་ཆེན་ཡོངས་སུ་བཙོག་ཆུའི་ཁྲོད་དུ་རྫས་འགྱུར་གྱི་དབྱང་དང་ཨན་ཕྱིར་གཏོང་བྱེད་ཚད་1.55%、2.4% ཡིས་ཇེ་དམའ་རུ་ཕྱིན་ནས། རྒྱལ་ཁབ་ཀྱིས་འོག་རིམ་ལ་སྤྲད་པའི་ལས་འགན་གྱི་ལོ་ཧྲིལ་བོའི་དམིགས་ཚད་ལས་1.5% ཇེ་ཉུང་ཏུ་ཕྱིན། རླུང་ཁམས་ཆེན་མོའི་སྦགས་བཙོག་དངོས་རྫས་གཏོང་ཚད་ཉུང་འཕྲི་བྱེད་པའི་ཕྱོགས་སུ། སྔོན་གྱི་ཟླ་11་པའི་ནང་དུ། ཞིང་ཆེན་ཡོངས་སུ་PM10ཆ་སྙོམས་སྟུག་ཚད་ཀྱིས་དུས་མཉམ་ལས་5.1%ཡིས་ཇེ་ཉུང་དུ་ཕྱིན། PM2.5དེ་དུས་མཉམ་ལས་5.0%གིས་ཇེ་དམའ་རུ་ཕྱིན་ཏེ། སྦགས་བཙོག་དངོས་རྫས་གཙོ་བོ་ཉུང་འཕྲི་བྱེད་པའི་ལོ་ཧྲིལ་བོའི་བོའི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་བ་རེད།
              ད་ལོར། རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་སྦགས་བཙོག་བཅོས་སྐྱོང་བྱེད་པའི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་བྱས། བཙོག་ཆུ་བཅོས་སྐྱོང་བྱེད་པའི་ཕྱོགས་སུ། རང་རེའི་ཞིང་ཆེན་གྱིས་མགྱོགས་མྱུར་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་བྱེད་པའི་སྒྲིག་ཆས་ཁྱོན་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་། སྔོན་གྱི་དུས་ཚིགས་གསུམ་གྱི་རིང་ལ།  གྲོང་ཁྱེར་དང་ཁུལ་སོ་སོ་ཡིས་རིམ་གསོག་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་བྱེད་པའི་སྒྲིག་ཆས་924སྒྲིག་སྦྱོར་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་རྫོང་གི་བཙོག་ཆུ་གཅིག་བསྡུས་ཐག་གཅོད་བྱེད་ཚད་དེ་83.9%ལ་སླེབས།
              རླུངས་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཕྱོགས་སུ། ལོ་སྟོད་དུ་རང་རེའི་ཞིང་ཆེན་གྱིས་དམིགས་ཡུལ་ལས་འགན་གཞིར་བཟུང་ནས་ལོ་ཧྲིལ་བོའི་རླུངས་ཁམས་ཆེན་མོའི་སྦགས་བཙོག་དངོས་རྫས་ཉུང་འཕྲི་བྱེད་པའི་སྤྱིའི་རྣམ་གྲངས་བདམས་པ་དེ་གཞི་འཛིན་ས་བྱས་ཏེ། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་སྙོམས་སྒྲིག་བྱས་ནས། མེ་ཤུགས་གློག་འདོན་དང་ངར་ལྕགས། ཨར་འདམ། ཤེལ་སྒོ་ངོས་འཇམ་སོགས་ལས་རིགས་ཆེན་མོ་བཞི་ཡིས་ཟླ་རེར་སྙོམས་སྒྲིག་བྱས་པར་མ་ཟད་རྗེས་འདེད་དབྱེ་ཞིབ་བྱས་ཏེ། འབྲེལ་ཡོད་ས་ཁུལ་དང་ཁེ་ལས་གྱིས་ནུས་ཁུངས་སྒྲིག་ཆས་དང་། ཕྱིར་འབུད་སྒྲིག་ཆས་རིམ་སྦར་བཅོས་བསྒྲིག་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1