ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་ལས་ཁུངས་ཀྱིས་འགུལ་རྣམ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ་སྒོ་བྱང་མེད་པར་བཟོས་རྗེས་ཀྱི་ལོ་གཉིས་ཀྱི་ནང་དུ་ཡང་བསྐྱར་ཡར་ཞུ་བྱས་མི་ཆོག་པ་གཏན་འབེབས་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-27
ཉེ་ཆར། གསར་འགོད་པའི་ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཉིན་འགའི་སྔོན་དུ་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་རྫོང་གི་གྲོང་ཁྱེར་དང་ཆུས། ཁྲིམས་སྐྱོང་དཔེ་སྟོན་རྫོང་གི་ཤང་དང་གྲོང་རྡལ། ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་ལས་ཁུངས་བཅས་ཀྱིས་འགུལ་རྣམ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས། ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་ལས་ཁུངས་ཀྱིས་བསྐྱར་ཞིབ་བྱས་པ་ཚད་མཐུན་མིན་པ་ལ་མཚན་སྙན་མེད་པར་བཟོས་ཏེ། ལོ་གཉིས་ཀྱི་ནང་དུ་ཡང་བསྐྱར་ཡར་ཞུ་བྱས་མི་ཆོག་པར་བྱ་རྒྱུ་རེད།
ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣས་བྱེད་ཐབས་ཞེས་པ་ཡིས་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། དོན་དངོས་ཐོག་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཞིང་ཆེན་རིམ་པའི་གཞི་རིམ་གྱི་རྨང་གཞིའི་ཕྱོགས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། འགུལ་རྣམ་དོ་དམ་བྱེད་ཐབས་ཀྱིས་རང་མོས་ཞིབ་བཤེར་དང་ཉིན་རྒྱུན་གྱི་ལྟ་སྐུལ་ཞིབ་བཤེར། ཡང་བསྐྱར་ཞིབ་བཤེར་བྱེད་པ་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བཀོལ། ལས་ཁུངས་སོ་སོས་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་གསར་སྐྲུན་གྱི་ཚད་གཞི་ལྟར། ལོ་རེའི་ལོ་ཕྱེད་ལ་གསར་སྐྲུན་བྱ་བ་སྒྲུབ་པའི་ཐད་དུ་རང་གིས་ཞིབ་བཤེར་ཐེངས་རེ་བྱ་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་ཁྲིམས་འབྲེལ་སྲིད་འཛིན་སྡེ་ཁག་གིས་ལོ་རེར་རང་སྐྱོང་ཁུལ་ནང་ཁུལ་གྱི་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དཔེ་སྟོན་རྫོང་གི་གྲོང་ཁྱེར་དང་ཆུས། ཁྲིམས་སྐྱོང་དཔེ་སྟོན་ཤང་དང་གྲོང་རྡལ། ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ལག་ལེན་བྱེད་པའི་དཔེ་སྟོན་ལས་ཁུངས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་རིམ་པའི་གཙོ་སྐྱོང་སྡེ་ཁག་གིས་གྲོང་ཁྱེར་དང་ཁུལ་སོ་སོར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་རྨང་གཞིའི་ཐོག་ཏུ། ཡིག་ངོས་ནས་ཞིབ་བཤེར་བྱེད་པ་དང་དོན་དངོས་ཐོག་འཐེན་ཞིབ་བྱེད་པ་སོགས་གྱི་བྱེད་ཐབས་བརྒྱུད་ནས་བསྐྱར་ཞིབ་བྱེད་པ། ལོ་རེར་ཉུང་མཐའ་ཡང་འཐེན་ཞིབ་བྱེད་ཐེངས་རེ་རྩ་འཛུགས་བྱས་ནས། དཔེ་སྟོན་རྫོང་དང་གྲོང་ཁྱེར་ཆུས། ཤང་དང་གྲོང་རྡལ་བཅས་ལ་ཐེངས་རེར་འཐེན་ཞིབ་བྱེད་པའི་བསྡུར་ཚད་དེ་བརྒྱ་ཆའི་30ལས་མི་དམའ་བར་བྱས་ཏེ། ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་ལས་ཁུངས་ལ་ཐེངས་རེར་འཐེན་ཞིབ་བྱས་པའི་བསྡུར་ཚད་བརྒྱ་ཆའི་20ལས་མི་དམའ་བར་བྱེད་དགོས་། བྱ་བ་སྒྲུབ་ཤུགས་ཇེ་ཞན་ཏུ་གྱུར་བ་དང་། ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་མཁན་ཡོད་པར་གཙོ་གནད་དུ་བཟུང་ནས་འཐེན་བཤེར་བྱ་དགོས་ཅེས་བསྟན།
ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འགོ་ཁྲིད་ཚན་ཆུང་གིས་ལོ་གཉིས་ཀྱི་ནང་ཏུ་གཅིག་གྱུར་ཐོག་མིང་འདོགས་སྒོ་བྱང་སྤྲོད་པའི་མཛད་སྒོ་ཐེངས་རེ་བསྡུ་དགོས། དེ་མིན་མཚན་སྙན་མེད་པར་བཟོས་པ་ལ། མཚན་སྙན་མེད་པར་བཟོས་པའི་ཉིན་དེ་ནས་བཟུང་ལོ་གཉིས་ཀྱི་ནང་དུ་ཡང་བསྐྱར་ཡར་ཞུ་བྱེད་མི་ཆོག་པ་གཏན་འབེབས་བྱས་པ་རེད།།