སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28


       

        སྤྱི་ཟླ་12པའི་ཚེས་26ཉིན།  སི་ཁྲོན་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་ལྟར།  སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྤྱི་ཟླ་12པའི་ཚེས་28ཉིན་གྱི་སྔ་དྲོར་ཁྲེན་ཏུའུ་རུ་འགོ་ཚུགས་མཛད་སྒོ་སྤེལ།  ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་སོགས་འབྲེལ་ཡོད་ཀྱི་འགོ་ཁྲིད་ཁག་ཚོགས་འདུར་ཞུགས།  ཚོགས་ཆེན་སྟེང་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་གཙོ་བོ་ཁྱབ་བསྒྲགས་དང་《སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།》དང་《སི་ཁྲོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》གྲོས་ཞིབ་བྱེད་དེ་གྲོས་མཐུན་བྱུང་།  སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་གྱི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་སྐབས་བདུན་པའི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཀྲུའུ་ཞི་ཚོགས་པའི་ཨུ་ཡོན་བཅས་བདམས་པ་རེད།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1