ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-10


        གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།འ གོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ་དབྱི་ལི་གྲོས་ཚོགས་ལ་ཞུགས།
        ཚོགས་ཐོག་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་སུམ་བཅུ་སོ་གཅིག་པའི་ཐོག་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་གནང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་བཅོས་བསྒྱུར་ཚོད་ལྟའི་ས་ཚིགས་ལ་ལེགས་སྒྲིག་དང་དཔྱད་འཇོག་བྱས་པའི་གནས་ཚུལ་སྙན་ཞུ་ལ་གསན་འཇོག་གནང་། དེ་མིན་གྲོང་རྡལ་མང་པོ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དང་ཁྱད་ཆོས་ཅན་གྱི་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར། གཞན་གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་ཐད་གཏོགས་རྒྱལ་དབང་ཁེ་ལས་ཀྱིས་ཕྱི་ལ་མངག་ནས་ལྟ་ཞིབ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་བསམ་འཆར་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཞིང་ཆེན་ཐད་གཏོགས་ཀྱི་ཁྲོམ་རར་མ་ཞུགས་པའི་ཁེ་ལས་ལ་དུས་ཡུན་རིང་བོར་སྐུལ་འདེད་དང་ཚོད་ལྟ་བྱེད་པར་མཛུབ་སྟོན་གནང་བའི་བསམ་འཆར། ཞིང་ཆེན་ཐད་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་མི་སྣའི་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས། ཞིང་ཆེན་རིམ་པའི་ནོར་སྲིད་དང་ཚན་རིག་ལག་རྩལ་གྱི་དོ་དམ་དང་བཅོས་བསྒྱུར་བྱེད་ཐབས་ཀྱི་འཆར་གཞི། ས་རྒོད་བསྒྱུར་བཅོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར། སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་གྱི་དྲྭ་བ་འཛུགས་སྐྲུན་བྱེད་པའི་ལས་ཀའི་འཆར་གཞི། སི་ཁྲོན་ཞིང་ཆེན་གྱིས་ཁྱིམ་ཚང་གི་སྨན་པར་མིང་རྟགས་བཀོད་ནས་ཞབས་ཞུ་བྱེད་པའི་ལག་བསྟར་བསམ་འཆར། རྫོང་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཅིག་གྱུར་ཅན་དུ་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་ལག་བསྟར་བསམ་འཆར་སྐོར་ལ་གཅིག་གྱུར་འཆར་བྱེད་པ་ཞེས་པའི་ཆེད་དོན་བཅོས་བསྒྱུར་གྱི་འཆར་གཞི་སོགས་ལ་གྲོས་ཞིབ་བྱས་པར་མ་ཟད། གྲོས་བསྡུར་བསམ་འཆར་གཞིར་བཟུང་གོམ་གང་མདུན་སྤོས་ཀྱི་སྒོ་ནས་བཟོ་བཅོས་དང་འཐུས་ཚང་སུ་བཏང་ཐོག དུས་ཐོག་ཏུ་གོ་རིམ་ལྟར་ཞིབ་བཤེར་པར་འགྲེམ་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1