ཧྥིན་ལན་གྱི་སློབ་གྲྭར་བརྗོད་བྱ་གཙོ་བོ་ལྟར་སློབ་ཁྲིད་བྱེད་པ་ལས། སློབ་ཚན་ ལ་དབྱེ་བ་དགར་རྒྱུ་མ་རེད།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18



དབྱིན་ཇིའི་སྨྱན་བྱད་ཀྱིས་ན་ནིང་ཚེས23ཉིན་བསྒྲགས་པ་ལྟར་ན། ཧྥིན་ལན་སྲིད་གཞུང་གིས་སྤོབས་པ་ཆེན་པོས་སློབ་གསོའི་བཅོས་སྒྱུར་ཞིག་ཁྱབ་སྤེལ་བྱེད་ཀྱིན་ཡོད་དེ། སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་དེ་སློབ་ཚན་ལྟར་དབྱེ་བ་མི་དགར་བར།བརྗོད་བྱ་གཙོ་བོལྟར་དབྱེ་བ་དགར་བ་རེད། འདིས་ཧྥིན་ལན་སློབ་གྲྭར་རྩིས་དངོས་རྫས་གསུམ་དང་། སྐད་ཡིག་དང་ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱི་སློབ་ཚན་ནི་འདས་སོང་གི་ལོ་རྒྱུས་སུ་གྱུར་པ་མཚོན། སློབ་མ་ཚོར་དེ་རིང་སློབ་ཁྲིད་བྱེད་པ་ནི་ས་ཁམས་དང་སྐད་བརྡ། ལོ་རྒྱུས་སོགས་འདུས་པའི་ཤེས་བྱ་སྟེཧྥ་རན་སེའི་སློབ་ཁྲིདཡིན་སྲིད་ལ། སང་ཉིན་འཁྲིད་པ་ནི་རྩིས་རིག་དང་རྩོམ་འབྲི། མཐུན་སྦྱོར་ཐབས་རྩལ་སོགས་ཀྱི་ཤེས་བྱ་འདུས་པའིཁཱ་ཧྥེ་ཁང་ཞབས་ཕྱི་སློབ་ཁྲིདཡིན་སྲིད།

ཧྥ་རན་སེའི་སློབ་ཁྲིདདངཁཱ་ཧྥེ་ཁང་ཞབས་ཕྱི་སློབ་ཁྲིདཀྱིས་སྲོལ་རྒྱུན་སློབ་ཚན་གྱི་ཚབ་བྱེད་པ་རེད།

ཧྥིན་ལན་སྲིད་གཞུང་གིས་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དང་རྩིས་རིག ལོ་རྒྱུས། ས་ཁམས་སོགས་སྲོལ་རྒྱུན་གྱི་སློབ་ཚན་དོར་ཏེ།སྣང་ཚུལ་སློབ་ཁྲིདཟེར་བའི་ཐབས་གསར་བ་ཞིག་གིས་ཚབ་བྱེད་པ་རེད། སློབ་གྲྭའི་དགེ་རྒན་གྱིས་སློབ་ཁྲིད་སྐབས་འཁྲིད་པ་ནི་ཁྱབ་རྒྱ་ཆེ་བའི་རྒྱུ་ཆ་བླངས་པའི་ཞིབ་འཇུག་བྱ་གཞི་རབ་དང་རིམ་པ་ཞིག་ཡིན་ལ། དེར་མ་ཟད་རིགས་སྣ་ཚོགས་ཀྱི་ཤེས་བྱ་དང་ཐབས་རྩལ་དེ་དག་ཞིབ་འཇུག་བྱ་གཞིའི་ནང་དུ་བསྲེས་པ་སྟེ། དཔེར་ན། སློབ་མ་ཚོསཧྥ་རན་སེའི་སློབ་ཁྲིདལ་སློབ་སྦྱོང་བྱེད་སྐབས་སུ། ས་ཁྲའི་སྟེང་གི་ཧྥ་རན་སེ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་དག་ངོས་འཛིན་དུ་འཇུག་པ་དང་། ད་དུང་ཧྥ་རན་སེའི་སྐད་ཀྱིས་རྒྱལ་ཁབ་འདི་དག་གི་གནམ་གཤིས་ལ་གྲོས་བསྡུར་བྱེད་པའི་བླང་བྱ་འདོན་པ་སྟེ། བརྒྱུད་རིམ་འདི་ལས་ས་ཁམས་དང་གནམ་གཤིས། ཧྥ་རན་སེའི་སྐད་སོགས་ཀྱི་ཤེས་བྱ་ལ་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་ཐུབ་པ་ལྟ་བུའོ།། ཡང་དཔེར་ན་ལས་རིགས་སློབ་གསོའི་སློབ་ཁྲིད་སྐབས་སུ། སློབ་མ་ཚོརཁཱ་ཧྥེ་ཁང་ཞབས་ཕྱི་སློབ་ཁྲིདཅེས་པའི་སློབ་ཐུན་ཞིག་འཁྲིད་ངེས་ལ། སློབ་ཁྲིད་དེའི་ནང་དུ་ཞིབ་འཇུག་བརྒྱུད་ནས་ཁཱ་ཧྥེ་ཁང་ཞིག་ཇི་ལྟར་ཚོང་གཉེར་བྱེད་པ་དང་འབྲེལ་ཏེ། རྩིས་རིག་དང་རྩོམ་འབྲི། མཐུན་སྦྱོར་ཐབས་རྩལ་བཅས་སློབ་སྦྱོང་བྱེད་པ་ལྟ་བུའོ།། གཞན་པའི་བརྗོད་བྱ་གཙོ་བོའི་སློབ་ཚན་གྱི་ནང་དུ་ཡོ་རོབ་མནའ་འབྲེལ་ལམ་དཔལ་འབྱོར་ཕུང་གཅིག་ཅན་འདུས་ཤིང་། གཞན་ཡང་ལོ་རྒྱུས་དང་ས་ཁམས། ཆབ་སྲིད་སོགས་དངོས་ཡོད་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་དག་ལ་སློབ་སྦྱོང་དང་གྲོས་བསྡུར་ཡང་བྱ་དགོས།

སློབ་གསོའི་འབྲས་བུ་ལེགས་གྲས་སུ་སླེབས་པ།

པརཞིབ་འཇུག་མི་སྣས་བཤད་པ་ལྟར་ན། སློབ་ཚན་ལ་རིགས་དབྱེ་མེད་པར་བཏང་བ་དེ་ཚད་ལས་བརྒལ་བའི་སྤོབས་པ་ཞིག་ཡིན་བསམ་མོད། འོན་ཀྱང་། ཧྥིན་ལན་ལ་ཡུན་རིང་དུ་ནུབ་ཕྱོགས་ཀྱི་ཆེས་ལེགས་པའི་སློབ་གསོའི་ལམ་ལུགས་ཡོད་པས། རྒྱལ་སྤྱིའི་སློབ་མར་གདེང་འཇོག་དཔྱད་བསྡུར་འཆར་གཞིའི་ཁྲོད་ནམ་རྒྱུན་མདུན་གྲས་སུ་སླེབས་ཡོད། ཧྥིན་ལན་གྱིས་དུས་ཡུན་རིང་བོར་སྐུལ་མ་བཏང་ནས་སྣོད་བསྟུན་སློབ་ཁྲིད་བྱེད་པ་དང་། སློབ་མར་སློབ་སྦྱོང་གི་མཁའ་དབུགས་ཡག་པོ་དང་ཁོར་ཡུག་ལྷོད་ཡངས་ཤིག་གསར་སྐྲུན་བྱས་ཡོད། ཧྥིན་ལན་དུ་བྱིས་པ་ལོ7ལ་སླེབས་ན་ད་གཟོད་སློབ་གྲྭར་ཞུགས་པ་ཡིན། ཧྥིན་ལན་པས་བྱིས་པ་ལོ7ལ་སླེབས་པའི་ལོ་ཚོད་དེར་ད་གཟོད་གཞིར་རྩའི་སྐད་ཆ་དང་ཡི་གེ་འབྲི་སྦྱོང་གི་ཐབས་རྩལ་འཛོམས་པ་མ་ཟད། སློབ་གྲྭར་ཞུགས་འདོད་ཀྱི་དུས་ཀྱང་ཡིན་པར་འདོད་དོ།།

ཧྥིན་ལན་ན་སློབ་གྲྭའི་སློབ་ཁྲིད་ཀྱི་ཚོགས་ཡུན་ནི་དར་རྒྱས་རྒྱལ་ཁབ་ཁྲོད་ཡུན་ཆེས་ཐུང་ལ། ཚོགས་ཐུན་རེར་སྐར་མ45ཡིན་པ་དང་དེའི་རྗེས་ནས་སྐར་མ15ལ་ངལ་གསོ་བ་ཡིན། བྱིས་པ་ཚོས་ལྷམ་དང་རྐང་འབོབ་ཕུད་དེ་སློབ་ཁང་དུ་ལྷོད་ཡངས་ངང་བསྡད་ཆོག་ལ། སློབ་མ་རྣམས་ལ་རང་དབང་དང་རང་ཚུགས་ཡོད་དགོས་པ་ནི་ཧྥིན་ལན་གྱི་སློབ་གྲྭས་ནན་དུ་བཤད་པའི་འདུ་ཤེས་ཡིན་ལ། སློབ་གྲྭས་ནམ་ཡང་སློབ་མའི་རྒྱུགས་འབྲས་ཀྱི་བཟང་ངན་ལྟར་འཛིན་གྲྭ་མི་དགར་བ་རེད། ཧིའར་ཞིན་ཅི་སློབ་གསོ་ཅུའུའི་དཔོན་རིགས་མཱ་ལིས་ཨོཁེ་ལོས་བསྟན་དོན། སྲོལ་རྒྱུན་གྱི་སློབ་ཚན་དབྱེ་བའི་སློབ་གསོའི་བྱེད་སྟངས་དེ་སྤྱད་པ་ནི་དུས་རབས20སྟོད་ཀྱི་གནས་ཚུལ་རེད་མོད།ཡིན་ནའང་དེ་རིང་ནི་སྔོན་ཆད་དང་མི་འདྲ་བས། ང་ཚོས་བཅོས་སྒྱུར་བྱས་ནས་ད་ལྟའི་དུས་རབས21པ་དང་མཐུན་པར་བྱེད་དགོས།གནས་ཚུལ་བཀོད་པ་ལྟར་ན་དགེ་རྒན་རྣམས་ལ་རོགས་བྱས་ནས་སློབ་ཁྲིད་བྱེད་ཐབས་གསར་བ་དེ་དང་མཐུན་ཆེད་སློབ་གསོ་སྡེ་ཁག་གིས་ད་དུང་དགེ་རྒན་རྣམ་པར་གླ་ཕོགས་ཉུང་ཙམ་བསྣན་པ་རེད།

(《ཀོང་ཀྲོའུ་ཉིན་རེའི་ཚགས་པར》2015ལོའི་ཟླ3པའི་ཚེས25ཉིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1