ཞིབ་འཇུག་གསར་བ་ཞིག་ལས་རྟོགས་པ་ལྟར་ན། སློབ་ལོ་རན་པའི་བྱིས་པ་ལོ་གཅིག་ལ་ཕྱིར་འགྱངས་ནས་སློབ་ཆུང་དུ་ཞུགས་ན་བྱིས་པའི་སེམས་ཁམས་བདེ་ཐང་ལ་ཕན་པ་ཡོད། རྒྱུ་མཚན་ནི་དེའི་དུས་སུ་བྱིས་པས་སྔར་ལས་ལྷག་པར་རང་སེམས་དང་སྤྱོད་ལམ་ལ་བདག་སྐྱོང་བྱེད་ཐུབ། ཨ་རིའི་སི་ཐན་ཧྥུ་སློབ་གསོ་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཐའོ་མཱ་སི•ཏིའེ་ཡིས།“ང་ཚོས་བྱིས་སྐྱོང་ཁང་གི་བྱིས་པ་སློབ་གྲྭར་ཞུགས་པར་ལོ་གཅིག་ལ་ཕྱིར་འགྱངས་ན་ཁོ་རང་ལོ་བཅུ་གཅིག་ལ་ཐོན་དུས་ཁོ་ཚོའི་ཁྲོད་ཀྱི་བྱིས་པ73%ལ་རྣམ་གཡེང་དང་མང་འགུལ་གྱི་བྱ་སྤྱོད་ཚང་མ་ཇེ་ཉུང་དུ་འགྲོ་བ་ཡིན། དུས་མཚུངས་སུ་ལོ་ཚོད་འདིའི་ནང་སྤྱིར་བཏང་གི་བྱིས་པ་རྣམས་ལ་ཡོད་སྲིད་པའི‘རྒྱུན་ལྡན་ལས་ལྡོག་པ’དང་རྒྱུན་སྲོལ་གྱི་ཚད་འཇལ་གྲངས་ཐང་ལས་རིང་དུ་བརྒལ་བའི་མང་འགུལ་གྱི་བྱ་སྤྱོད་ཀྱང་ཕལ་ཆེར་མེད་པར་འགྱུར།”ཞེས་བཤད།
ཏེན་མག་ཏུ། བྱིས་པ་ལོ་དྲུག་གི་སྟེང་ནས་ཕལ་ཆེར་ཚང་མ་བྱིས་སྐྱོང་ཁང་དུ་འགྲོ་དགོས། ཨ་མེ་རི་ཁ་ནའང་དེ་བཞིན་ཡིན། བྱིས་སྐྱོང་ཁང་གི་བྱིས་པ་རྣམས་ཕལ་ཆེར་ལོ་ལྔ་ནས་དྲུག་གི་བར་ཡིན། ཡིན་ནའང་ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན། བྱིས་པ་ལོ་གཅིག་ཕྱིར་འགྱངས(རང་ལོ་བདུན)ནས་སློབ་གྲྭར་ཞུགས་ན་རྣམ་གཡེང་དང་མང་འགུལ་གྱི་བྱ་སྤྱོད་མངོན་གསལ་དུ་ཇེ་ཉུང་དུ་འགྲོ་བ་ཡིན།...... སློབ་མས་རང་གིས་རང་ལ་དོ་དམ་བྱེད་ཚད་དང་སློབ་སྦྱོང་གི་འབྲས་བུ་གཉིས་བར་ལ་འབྲེལ་བ་ཡོད། ཤུགས་རྐྱེན་འདི་བྱིས་པ་ལོ་བཅུ་གཅིག་བར་ལ་ཐེབས་ངེས་རེད།
ཧྥིན་ལན་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དག་ཏུ། ཚད་ལྡན་གྱི་སློབ་གྲྭའི་སློབ་གསོ་ནི་སློབ་མ་ལོ་བདུན་གྱི་སྟེང་ནས་མགོ་རྩོམ་པ་ཡིན། དུས་དེར་བྱིན་པ་ཚོས་སློབ་སྦྱོང་ལ་སེམས་ཁམས་དང་ལུས་ཕུང་གང་གི་ཐད་ནས་ཀྱང་གྲ་སྒྲིག་བྱས་ཟིན་པ་ཡིན། ཨ་མེ་རི་ཁའི་ཕ་མ་གང་མང་ཞིག་གིས་བྱིས་པ་དང་ཁྱད་པར་དུ་བུ་སློབ་བྱིས་སྐྱོང་ཁང་དུ་ལོ་གཅིག་ལ་མང་འདུག་བྱེད་དུ་འཇུག་པ་རེད།
སློབ་མས་ཚད་ལྡན་གྱི་སློབ་སྦྱོང་བྱེད་མགོ་རྩོམ་པའི་ལོ་ཚད་རིམ་བཞིན་ཇེ་ཆུང་ཡིན་པ་དང་བསྟུན་ནས། ཨ་མེ་རི་ཁ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དག་གིས་བྱིས་པའི་སློབ་ཞུགས་ཀྱི་ལོ་ཚད་ཐད་ལ་ད་ལྟའི་བར་དུ་རྩོད་པ་བྱས་ནས་རྒྱུན་ཆད་མ་མྱོང་། སློབ་ལོ་མ་རན་པའི་བྱིས་པར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་གང་མང་ཞིག་གིས་ལོ་ན་ཕྲ་བའི་བྱིས་པ་དག་བཙན་སྡོད་དུ་སློབ་སྦྱོང་བྱེད་དུ་འཇུག་པར་སེམས་ཁྲལ་བྱེད་བཞིན་ཡོད། ཁོ་ཚོས་བྱིས་པ་དག་སྒྲིག་གཞི་ཅན་གྱི་རྩེད་མཚར་བརྒྱུད་ནས་སློབ་སྦྱོང་བྱས་ན་ལྷག་པར་བཟང་སྙམ།།
(《ཀྲུང་གོའི་ན་གཞོན་ཚགས་པར》2015.11.10)