དཔེ་ཀློག་བྱེད་རྒྱུ་ནི་སློབ་གཉེར་པ་ཞིག་ལ་མཚོན་ན་གལ་ཆེན་པོ་ཞིག་ཡིན་པ་སུས་ཀྱང་ཤེས་ལ། ཤེས་བཞིན་དུ་དང་ལེན་བྱེད་མཁན་ཉུང་བ་ནི་རང་ཉིད་ཐེ་བའི་མི་མང་པོ་ཞིག་གི་གོམས་གཤིས་སུ་གྲུབ་ཡོད་པ་ཡང་རྒྱུན་ལྡན་དུ་སྣང་། དཔེ་ཆ་ལྟ་རྒྱུར་མི་དགའ་བའི་མི་ནི་ནམ་ཡང་གཞན་གྱི་རྗེས་སུ་ལུས་འདུག་ཅིང་། རྣམ་པ་དེ་སློབ་གཉེར་པ་ཞིག་གི་ཕམ་ཁ་ཆེན་པོ་ཡིན་པའང་གསང་ག་ལ་དགོས། སློབ་གཉེར་པ་རྣམས་དཔེ་ཀློག་དང་ཁ་བྲལ་ཚེ་ཤེས་རིག་གི་ཁང་བཟང་ནང་བགྲོད་པ་ནམ་ཡང་སྐལ་བས་དབེན་ཏེ། ཁྱོད་ལ། རྒྱལ་ཁབ་དང་མི་རིགས་ཀྱིས་བཅོལ་བའི་རེ་འདུན་དང་། སྤྱི་ཚོགས་ཀྱིས་བཏོན་པའི་འགན་འཁུར་རྣམས་དང་དུ་ལེན་པའི་ནུས་པ་བྱིའུ་བཞིན་དུ་ཆུང་། དཔེ་ཀློག་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་ཡང་། རྗེ་རིན་པོ་ཆེའི་ཞལ་ནས།“ང་ཤི་བའི་རྗེས་ང་དང་མ་འཕྲད་སྙམ་པའི་ཡིད་གདུང་བ་རྣམས་ཀྱིས། ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་དང་། ང་ཕྲད་པ་དང་ཁྱད་པར་སྤུ་ཙམ་མེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ནས་གཅིག་དུ་དྲིལ་ནས་བཤད་པ་ཡིན། ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་།”ཞེས་ཐུགས་བརྩེ་བ་ཆེན་པོས་ང་ཚོ་ལ་བཀའ་གནང་ཡོད་པས་དེ་ལུགས་ཀུན་གྱིས་མཁྱེན་ཅིག དེ་བཞིན་རིགས་པ་སྨྲ་བ་དགེ་ཆོས་ཀྱིས། “རོ་དང་མཚུངས་པའི་ལུས་པོ་འདི། །
ག་དུས་ཤི་ཡང་མི་འགྱོད་དེ། ། གསེར་དང་མཚུངས་པའི་རྣམ་དཔྱོད་དག ། མཉམ་དུ་ཤི་ན་ཤིན་ཏུ་ཕངས། །”
ཞེས་གསེར་དང་འདྲ་བའི་ལེགས་བཤད་འདི་དག་གིས་མཚོན། དེས་ན་དཔེ་ཀློག་བྱས་རྗེས་ལག་ལེན་སྟེང་ནས་རང་རྒྱུད་ལ་ལེན་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་སྟེ། རྒྱའི་མཁས་པ་ཆིན་ལེ་ཆོན་གྱིས“དཔེ་ཀློག་རྒྱ་ཆེན་བྱེད་པར་སྐུལ་འབོད་དང་ནན་ཏན་བྱེད་དགོས་དོན་ནི། ཤེས་བྱ་འཕེལ་རྒྱས་སུ་གཏོང་བ་འབའ་ཞིག་གི་ཆེད་མིན་ལ། འཚོ་ཚིས་ཀྱི་བྱེད་ཐབས་རེག་པའི་དོན་ཁོ་ནའང་མིན་པར། ང་རང་ཉིད་འཚར་ལོངས་ཀྱི་ཆེད་དང་། རང་ཉིད་ཀྱི་མི་ཚེ་ལྟ་བའི་གནད་དོན་ཐག་གཅོད་བྱེད་ཆེད་དང་།
རང་ཉིད་ཀྱི་ཚེ་གང་བོའི་རྨང་གཞིའི་དཔེ་ཀློག་བྱེད་པ་སྟེ། མི་བུ་ཡར་འགྲེང་བའི་ཆེད་དུ་དཔེ་ཀློག་བྱེད་པའོ། ། ང་ཚོས་དཔེ་ཀློག་དང་སློབ་སྦྱོང་། ཞིབ་འཇུག་བྱེད་དུས། འདི་ལྟ་བུའི་དྲི་བ་ཞིག་སེམས་སུ་འཁོར་ཡོང་སྟེ། དཔེ་ཀློག་དང་རང་ཉིད་ཀྱི་འཚར་ལོངས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། རང་ཉིད་ཀྱི་ཚེ་སྲོག་ལ་འབྲེལ་བ་མེད་པའི་དཔེ་ཀློག་ནི་དཔེ་ཀློག་ཤི་བོ་དང་། རང་ཉིད་ཀྱི་ཚེ་སྲོག་དང་འབྲེལ་བ་མེད་པའི་ཞིབ་འཇུག་ནི། གསོན་ཤུགས་མེད་པའི་ཞིབ་འཇུག་མ་ཡིན་ནམ།”ཞེས་པའི་གཏམ་འདི་བདེན་པར་མཐོང་ངོ་།།
རྒྱའི་སྐད་ཡིག་གི་ཆུ་ཚད་ཀྱང་ཤིན་ཏུ་བཟང་། ཁོང་ལ་ཁྱད་ཆོས་ཤིག་ཡོད་པ་ནི་བོད་ཡིག་ཙམ་མ་ཟད་རིག་ཚན་གཞན་པ་ལ་སྤྲོ་བས་འཇུག་མཁན་གྱི་དཔེ་ཀློག་པ་ཞིག་ཡིན། སྔོན་ཆད། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་དཔེ་ཀློག་གི་སྐོར་གླེང་དུས་བདག་གི་སེམས་ཁམས་ཤིན་ཏུ་སྐྱིད་ལ་ཁོང་གི་དཔེ་ཀློག་ལ་ཧམ་སེམས་ཤོར་མྱོང་།
རྗེས་སུ་ང་རང་མཐོ་འབྲིང་མཐར་ཕྱིན་ཏེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད་ཅིང་། སྐབས་དེར་དགེ་རྒན་ཁོང་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ཏུ་ཞིབ་འཇུག་སློབ་མར་ཡིག་ཚད་ལོངས་འདུག དཔེ་ཀློག་ལ་མོས་པའི་ཁོ་ལ་མཚོན་ན་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད་པ་ནི་བསམ་ཐོག་ཏུ་རྟ་བརྒྱུགས་པའི་བདེ་སྐྱིད་ཅིག་ཅི་ལ་མིན། ལོ་ངོ་གསུམ་རིང་དགེ་རྒན་གྱིས་དཔེ་ཀློག་བྱེད་ཀྱིན་ཡོད་པ་མཐོང་ཐོས་མང་པོ་བྱུང་། དགེ་རྒན་གྱིས་དཔེ་ཀློག་བྱེད་པའི་རྣམ་པ་དེ་མཐོང་དུས་མཚམས་རེར་རང་ཉིད་རང་ལ་ཡི་ཆད་པ་དང་། ན་ཟུག་སྐྱེས་པ། ངོ་གནོང་མྱོང་། རྒྱུ་མཚན་ནི། ང་ཡིས་དཔེ་ཀློག་མི་བྱེད་པས་སོ། །
མི་རྣམས་ལ་སྟབས་བདེ་དང་ཞབས་ཞུ་བསྐྲུན་པས་མི་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར། དེ་ལས་ལྡོག་སྟེ། སྡེ་དཔོན་ཁ་བས་ལོ་གཅིག་རིང་རླངས་འཁོར་བསྐོར་རྒྱུགས་ཅི་ཡང་མ་བྱས་ཤིང་ཆག་སྐྱོན་སོགས་ཅི་ཡང་བྱུང་མེད་པར་གྲལ་དག་སེ་ཡོད་པས། སྡེ་དཔོན་ཁ་བའི་རླངས་འཁོར་གྱི་རིན་ཐང་ཐད་དུ་མི་རྣམས་ལ་གླེང་མོལ་ཅི་ཡང་མེད་དེ། རིན་ཐང་གི་ཚད་དེ་མི་སུས་ཀྱང་མི་ཤེས་པར་བཏང་སྙོམས་སུ་མི་འཇོག་བྱ་ཐབས་ཅི། དཔེ་འདི་དང་མཚུངས་པར་དཔེ་ཀློག་གི་བྱ་བ་ཡང་དེ་ལས་མ་འདས། རང་གི་ཡོན་ཏན་སྒོ་ལ་ཕུད་དགོས་པ་མ་གཏོགས་ནང་སེམས་སུ་བཅུག་པ་ན་སྡེ་དཔོན་ཁ་བའི་རླངས་འཁོར་ལྟ་བུའོ། ། དེ་ལ་མཁས་པ་ཆིན་ལེ་ཆོན་གྱིས“དད་པ་བསྐྱར་འཛུགས་ལ་དཔེ་ཀློག་ཁོ་ནས་ག་ལ་ཆོག གང་ལེགས་ཤེ་ན། དཔེ་ཆའི་ངོས་ཀྱི་དེ་ནི་ག་འདྲ་ལེགས་ཀྱང་། སྔོན་བྱོན་མཁས་པ་དང་གཞན་གྱི་ཡིན་པས་ན། ཟུར་ལྟ་འབའ་ཞིག་བྱེད་རྒྱུའོ། ། འོན་ཀྱང་དེ་དག་དོན་དམ་པའི་རང་ཉིད་དང་ངོ་བོ་དབྱེར་མེད་དུ་འགྱུར་དགོས་ཚེ་ངེས་པར་དུ་རང་ཉིད་ཀྱི་ལག་ལེན་ལ་བརྟེན་དགོས།”ཞེས་སོ།།
དེ་ཡང་ཡིན་ཏེ་མི་ནི་དཔེ་ཀློག་ལ་བརྟེན་ནས་ནར་སོན་དགོས་ཤིང་། དཔེ་ཀློག་གི་གོ་རིམ་ཁྲོད་དུ་རང་ལ་སྨྲ་མི་ཤེས་པའི་ཚོར་བ་དང་ལྟད་མོ་སྣ་ཚོགས། ལྟ་ཚུལ་སྣ་ཚོགས་ཤིག་ཆགས་ཡོང་། དེ་ཡིས་བྱིན་པའི་རྒྱགས་ཕྱེ་ཡིས་རང་ཉིད་དང་མི་གཞན་གྱི་བྱ་བ་བྱེད་སྟངས་དང་བསམ་བློ་གཏོང་སྟངས། དམིགས་འབེན་སོགས་ཀྱི་དབྱེ་བ་འབྱེད་ཐུབ། རང་གི་ཤེས་བྱའི་སྣོད་ཇེ་ཕྱུག་ཏུ་ཕྱིན་པ་དང་སྦྲགས་རང་གི་ཤེས་བྱ་དེ་དག་གི་གཞན་ལ་སློབ་གསོ་ཐེབས་པ། ཤེས་བྱ་སྟེར་བ། བསམ་བློ་བསྐྱེད་པ། སྤྲོ་བ་སྟེར་ཞིང་། དེ་ལས་ཀྱང་འགངས་ཆེ་བ་ནི་རང་གིས་དཔེ་ཀློག་ལ་བརྟེན་ནས་བསག་བྱ་དེ་དག་འབྲི་རྩོམ་བརྒྱུད་ནས་གཞན་ལ་ཕན་ཐོགས་རྒྱུ་དེ་ཡིན། དེ་མིན། རང་གི་ཡོན་ཏན་གཞན་ལ་མི་སྤྲོད་པ་དང་ཡིག་ཐོག་ཏུ་མི་འགོད་པ། རིག་པའི་གར་སྟེགས་སྟེང་ལྟ་ཚུལ་བརྗེ་རེས་མི་བྱེད་པ་དེ་ལ། ཡང་སྙིང་དཔེ་ཀློག་ག་ཙམ་བྱས་ཀྱང་གཞན་ཕན་གྱི་སྙིང་བོ་ཆེན་པོ་མི་འདུག་སྟེ། ང་ལ་དགེ་རྒན་ཞིག་ཡོད། དགེ་རྒན་ནི་བདག་གི་མཐོ་འབྲིང་སྐབས་ཀྱི་བོད་ཡིག་དགེ་རྒན་ནམ་འཛིན་བདག་ཡིན། དགེ་རྒན་ཁོང་ལ་མཚོན་ན་བོད་ཡིག་གི་རྨང་གཞིི་མཐུག་ཅིང་།
དེ་ལྟར་རྒན་ལགས་ཀྱི་དཔེ་ཀློག་དང་བསམ་བློའི་ཕྱོགས་གང་ཐད་དུ་ང་རང་ཁོང་ལ་ཤིན་ཏུ་དད་འདུན་ཆེ་མོད། ཆེས་ཡིད་མི་ཚིམ་པ་ནི་འབྲི་རྩོམ་མི་བྱེད་པ་དེ་རེད། རང་ཁོ་ནས་ལོངས་སྤྱོད་བྱེད་པ་མ་གཏོགས་གཞན་ལ་མཁོ་སྤྲོད་དང་བརྗེ་རེས། ལྟ་ཚུལ་སྤྱི་ལ་མི་འཇོག་པ་དང་། དཔེ་ཀློག་གང་མང་བྱས་པའི་གོ་རིམ་ཁྲོད་ད་ལྟ་དཔེ་ཀློག་གི་ཟིན་ཐོ་ཙམ་ཡང་མི་འདུག གཞན་ཁོང་ལ་ལོ་ངོ་གསུམ་རིང་ཞིབ་འཇུག་གི་སློབ་སྦྱོང་བརྒྱུད་དཔྱད་རྩོམ་འོས་མོ་ཞིག་ཚད་ལྡན་གྱི་དུས་དེབ་ཁག་ཏུ་བཀོད་མི་འདུག འདིའི་ངོས་ནས་བཤད་ན་ཁོང་ལ་དཔེ་ཀློག་གི་རྟོགས་པ་རྒྱས་ཤིང་། བསམ་བློ་ཞིག་ཆགས་འདུག་ཀྱང་བདག་དང་འདྲ་བ་ཁོང་གི་བསམ་བློ་ལ་སྨོན་པའི་སློབ་བུ་དག་གི་རེ་བ་སྟེ་བརྩམས་འབྲས་ནི་ནམ་མཁའི་མེ་ཏོག་གི་རྗེས་སུ་སོང་བས་ཡིད་མུག་ཅིང་གདུང་། དེས་ན། དཔེ་ཀློག་གི་རིན་ཐང་ཚད་ཇི་ལྟར་འཇལ་དགོས་ཟེར་ན། གཤམ་དུ་དཔེ་མཚོན་ཞིག་ལ་གཟིགས། ཤར་ཕྱོགས་སྡེ་བའི་སྡེ་དཔོན་ཀ་བ་དང་སྡེ་དཔོན་ཁ་བ་གཉིས་ཀྱིས་ལོ་གཅིག་གི་ནང་དུ་མཉམ་དུ་རླངས་འཁོར་རེ་ཉོས། སྡེ་དཔོན་ཀ་བས་རླངས་འཁོར་ཉོས་པའི་ལོ་དེ་ནས་དཔྱིད་དབྱར་སྟོན་དགུན་མེད་པར་དངོས་པོ་ཆེ་ཆུང་སྣ་ཚོགས་པ་སྐྱེལ་འདྲེན་བགྱིས་ཏེ་རླངས་འཁོར་གྱི་ཤེད་ཤུགས་དང་རིན་ཐང་མངོན་ཞིང་།