ཇ་ཁང•ངལ་གསོ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


སྣུམ་ཚོན་སྐམ་མེད།

རི་མོ་པ་དེས་སྣུམ་ཚོན་གྱི་རི་མོ་ཡག་པོ་འགའ་ཟོང་འདྲེན་འཁོར་ལོ་གླས་ནས་འགྲེམ་སྟོན་ར་བར་བསྐྱལ། ཁོས་ཆེད་དུ་ཁ་ལོ་པར་ནན་གྱིསམཉམ་འཇོག་བྱོས་དང་། རི་མོའི་སྣུམ་ཚོན་ད་དུང་སྐམ་མེད།ཅེས་བཤད། ཁ་ལོ་པསསྐྱོན་མེད། ངའི་གྱོན་པའི་ལྭ་འདི་རྙིང་བ་ཞིག་ཡིན།ཟེར།

འདྲི་གཅོད།

ཁྲིམས་རྩོད་པ་དེའི་གཞུང་ལས་ཁང་གི་མདུན་ཅོག་གི་བྱང་བུའི་སྟེང་དུ།དྲི་བ་གཅིག་ལ་ལན་བཏབ་ན་སྒོར100ཡིན།ཞེས་བྲིས་ཡོད།

ལྕམ་མོ་དེ་འདྲི་གཅོད་ལ་འོང་། བྱང་བུའི་སྟེང་གི་ཡི་གེ་མཐོང་སྟེ་ཡ་མཚན་ནསདྲི་བ་གཅིག་ལ་ལན་བཏབ་ན་དངོས་གནས་སྒོར100ལེན་རྒྱུ་ཡིན་ནམ།ཞེས་དྲིས།

ཁྲིམས་རྩོད་པསབདེན་པ་ཡིན། ཁྱོད་ཀྱིས་དྲི་བ་གཉིས་པ་ཅི་ཡིན།ཟེར།

རྣོ་སྦྲེངས་ཀྱི་སོ།

ཨ་མ་ལགས། སོ་རྙིལ་ནག་པོ་དང་སོ་དཀར་པོ་ཡིན་པ་ཅི་ཁེད།

ཤེས་ཀྱི་མི་འདུག བུ་མོ། ཁྱོད་ཀྱིས་ཤོད་དང་།

རྣོ་སྦྲེངས་མ་ཡིན་ནམ།

བརྗོད་དོན་དང་གྱེས་པ།

ཕ། བུ་ཕྲུག ངས་ཁྱོད་ལ་བྲིས་པའི་རྩོམ་ཡིག་དེ་ལ་འཛིན་གྲྭ་ནས་གཟེངས་བསྟོད་བྱ་དགའ་ཨེ་ཐོབ།

བུ། མ་ཐོབ། དགེ་རྒན་གྱིས་རྩོམ་འདི་བརྗོད་དོན་དང་རིང་དུ་གྱེས་ཡོད་ཟེར།

ཕ། ཅིའི་ཕྱིར། རྩོམ་གྱི་ཁ་བྱང་ལ《ངའི་ཨ་ཕ》ཟེར་བ་མ་ཡིན་ནམ།

བུ། རེད་ཡ། ཁྱོད་ཀྱིས་བྲིས་པ་ནི་ངའི་སྤོ་བོ་རེད།

མི་སུམ་ཅུར་བསམ་པ་སུམ་ཅུ།

ཨར་ལས་བཟོ་པ་གསུམ་ཡོད་དེ། ཉིན་ཞིག་ལས་ཀ་གྲོལ་ནས་རང་རང་གི་ཁྱིམ་དུ་ལོག

ལམ་ཁར། བཟོ་པ་ཀ་པའི་སེམས་ལའཚོ་བའི་ཆེད་དུ་མིན་ན། སོ་ཕག་བརྩིགས་པའི་ལས་ཀ་འདི་ཚེགས་ཆེ་ལ་སྡུག་པས་ངོ་མ་སྒྲུབ་འདོད་མེད།ཅེས་དྲན།

བཟོ་པ་ཁ་པའི་སེམས་སུཉི་མ་རེ་རེར་སོ་ཕག་གི་གྱང་བརྩིགས་དགོས། ངོ་མ་ཡིད་མུག་ནས་སྨྱོ་བ་འདྲ།སྙམ།

བཟོ་པ་ག་པའི་སེམས་སུདེ་རིང་རྔམ་བརྗིད་ལྡན་པའི་འདུ་ཁང་དེ་འགྲུབ་ཆེད་ཧུར་བརྩོན་བྱས། གྲུབ་རྗེས་འདུ་ཁང་དུ་མི་བརྒྱ་ཕྲག་ལྷག་ཤོང་། ཚང་མས་ཆོས་འདོན་ཐུབ་པས། འདི་ནི་དོན་སྙིང་ལྡན་པའི་བཟོ་སྐྲུན་ཞིག་རེད་ཨང་།ཞེས་དྲན།

སྔ་མོ་ནས་ཤེས་ཡོད།

ལམ་དུ་འགྲོ་དུས། མཉམ་མ་བཞག་པར་འདྲེད་ནས་ཐང་ལ་འགྱེལ།ལས་ཡག་པ་མ་རེད།ཅེས་ཤུབ་ཤུབ་བྱས། ཡར་ལངས་ནས་རྡུལ་སྤྲུགས་ནས་མུ་མཐུད་ལམ་དུ་ཕྱིན།

ཡང་རྡོ་ལ་རྡོག་ཐོ་བརྒྱབ་ནས་ཐང་ལ་འགྱེལ། ཁོ་རང་ཁོང་ཁྲོ་ཆེན་པོ་ལངས་ནསསྔ་མོ་ནས་སླར་ཡང་འགྱེལ་རྒྱུ་ཤེས་ན། སྔོན་མའིེ་གནས་དེ་ནས་ཡར་མ་ལངས་ན་འགྲིག་འདུག་གོ།སྙམ།

ཐ་མག་གཅོད་པ།

ཆུང་མས་རང་གི་བཟའ་ཟླ་མཆོད་ཁང་དུ་བོས་ནས་ཐ་མག་གཅོད་དུ་བཅུག ཁོའི་གདོང་ལ་སྡུག་མདོག་སྤུ་ཙམ་མེད། ད་དུང་དགའ་གྲོག་གྲོག་གིསཐ་མག་གཅོད་པ་ནི་ངའི་ཚེ་འདིར་ཆེས་སྒྲུབ་སླ་བའི་དོན་ཞིག་ཡིན། དྲང་མོར་བཤད་ན། ངས་སྔོན་ཆད་ཀྱང་ཐེངས་གང་མང་ལ་རྒྱལ་ཁའི་ངང་ཐ་མག་བཅད་མྱོང་ངོ་།།ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1