ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-19
ཟླ་དང་པོའི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཐག་བཅད།
ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བ་ཡར་ཞུ་བྱེད་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ཡིན་ལ། སྲིད་གཞུང་བྱ་བའི་སྙན་ཞུ་ནི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ཡིན་པས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། སྙན་ཞུ་ལ་བཟོ་བཅོས་ཞིབ་མོ་བྱ་དགོས་པ་དང་། དེ་སྙིང་སྟོབས་ལ་ཡར་སྐུལ་བྱེད་པ་དང་སྔོན་དཔག་དུས་སྐབས་ལ་སྣེ་ཁྲིད་བྱེད་པ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་བཅས་ལ་ཕན་ནུས་གལ་ཆེན་ཐོན་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་བཟང་བོ་བྱས་ནས་སྲིད་གཞུང་བྱ་བ་ལེགས་སྒྱུར་བྱ་དགོས་ཞེས་བསྟན།།