ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19



        སྤྱི་ཟླ་དང་པོའི་ཚེས་18ཉིན་གྱི་ཕྱི་དྲོར། གྲོས་རིམ་ཁག་བདེ་བླག་ངང་འགྲུབ་རྗེས་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་སྒྲིལ། 
        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་མཇུག་སྒྲིལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་མཇུག་སྒྲིལ་ཚོགས་ཆེན་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་་ཁོ་ཙུན་ཕིང་གིས་ཚོགས་ཆེན་ལ་གཙོ་སྐྱོང་མཛད་པར་མ་ཟད་གཏམ་བཤད་སྤེལ། 
        མཇུག་སྒྲིལ་ཚོགས་ཆེན་སྔོན་དུ་འདེམས་བསྐོའི་ཚོགས་ཆེན་འཚོགས་ཏེ། ཚུའེ་པའོ་ཧྭ་དང་ལིའུ་ཅེ། ཏིན་ཁྲོན་བཅས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་གསབ་གདམ་བྱས་ཤིང་། མཱ་ཞའོ་པིན་སོགས་ཨུ་ཡོན་ལྔ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ལ་གསབ་གདམ་བྱས། 
        མཇུག་སྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཁོ་ཙུན་ཕིང་དང་ལི་ཏིང་ཅུས། ཁྲེན་ཝིན་ཧྭ། ཀྲང་ཡུས་ཏུང་། ཀའོ་ཧྥུའུ། ཀྲེ་ཀྲན་ཡུས། ཝང་ཀྲིན་རོན། ཀྲའོ་ཀྲེན་ཞི། ནོར་བུ་རྒྱལ་མཚན། ཁྲེན་ཧྥུང་། ཐང་ཅན། ཝང་ཅན་ཅོན་བཅས་ཡིན།
        ཚོགས་ཆེན་ལས་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཚོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 
        ཝང་ཏུང་མིང་གིས་ཁ་བྱང་ལ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་མཐུན་སྒྲིལ་ངང་འབད་བརྩོན་བྱས་ཏེ་མགྱོགས་མྱུར་སྒོས་མཛེས་སྡུག་དང་དར་རྒྱས། འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པར་འབད་པ་བྱ་དགོས་ཞེས་པའི་གཏམ་བཤད་སྤེལ། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་སི་ཁྲོན་སྤྱིར་བཏང་མ་ཡིན་པའི་བགྲོད་ལམ་ཞིག་བརྒྱུད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་དམ་ཟབ་སྒོས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་སྣེ་ཁྲིད་དེ་རྒྱ་སྐྱེད་གོང་འཕེལ་དང་འབད་པ་ཧུར་ལེན་གྱིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། གཅིག་སྡུད་སྒོས་གནས་ལྔ་གཞི་གཅིག་དང་ཏང་གི་འཛུགས་སྐྲུན་གྱི་ལས་ཀ་ཁག་ལ་གོང་འཕེལ་དུ་བཏང་། ཞིང་ཆེན་ཡོངས་སུ་དཔལ་འབྱོར་རྒྱུན་མཐུན་ངང་འཕེལ་རྒྱས་དང་དམངས་འཚོ་རྒྱན་ཆད་མེད་པར་ལེགས་བཅོས། སྤྱི་ཚོགས་སྤྱི་འཆམ་མཐུན་བརྟན་བརླིང་དང་ལས་བྱེད་དམངས་ཚོགས་ཀྱིས་འབད་བརྩོན་བྱེད་པའི་རྣམ་པ་ལེགས་པོ་མངོན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1