ཝུན་ཁྲོན་དུ་ཞིང་ལས་ལག་རྩལ་གོང་འཕེལ་དུ་བཏང་ནས་གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་བྱེད་པའི་ལས་ཀ་སྤེལ།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-16


        སྤྱི་ཟླ་1པའི་ཚེས་14ཉིན། རྔ་བ་གསར་འགྱུར་དྲ་བར་སྤེལ་བའི་གནས་ལྟར་ན།  ཝུན་ཁྲོན་རྫོང་མེན་ཧུང་གྲོང་རྡལ་ཏ་ཡུས་ཞིང་གྲོང་གིས་གདན་ཞུ་བྱས་པ་ལྟར། ཟླ་2པའི་ཚེས་10ནས་ཚེས་20བར། ཧན་ཡུན་རྫོང་ནགས་ལས་ཅུས་ཀྱིས་རྩ་འཛུགས་བྱས་པའི”གསེར་གྱི་ཁེ་གྲུ”ཞེས་པའི་ཞབས་ཞུ་རུ་ཁག་གི་མི་11མེན་ཧུང་གྲོང་རྡལ་གྱི་གྲོང་ཚོ་རེ་རེར་ཟབ་ཞུགས་བྱས་ཤིང་། གླ་རིན་མི་དགོས་པར་དཔྱིད་ཁའི་སིལ་ཏོག་ལྗོན་ཤིང་གི་དོ་དམ་ལག་རྩལ་ལ་ཟབ་བརྡར་བྱས། ལག་རྩལ་པས་གྲོང་གསེབ་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། སིལ་ཏོག་ལྗོན་ཤིང་རིགས་མི་འདྲ་བར་ངོས་འཛིན་དང་ནད་དུག་སྔོན་འགོག ཡལ་ག་ལེགས་བཅོས།  ལུད་རྫས་འཇོག་པ་སོགས་ཀྱི་ཉེར་མཁོའི་ཤེས་བྱར་ཟབ་སྦྱོང་དང་དཔེ་སྟོན་མཛད་པར་མ་ཟད།  སིལ་ཏོག་ལྗོན་ཤིང་དོ་དམ་ཐད་འཕྲད་པའི་དོགས་གནད་གསེད་དཀྲོད་བྱས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1