སྡེ་དགེ་རྫོང་གི་ཉེན་རྟོག་པས་ཤྭ་བ་མཆུ་དཀར་གཉིས་ཀྱི་བེམ་རོ་རྙེད་སོན་བྱུང་།
འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 02-16
ཉེ་ལམ། སྡེ་དགེ་རྫོང་སྤྱི་བདེ་ཅུས་ཏ་མ་སྤྱི་བདེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོགས་ཆགས་ཤྭ་བ་མཆུ་དཀར་གཉིས་ཀྱི་བེམ་རོ་རྙེད་སོན་བྱུང་། མིག་སྔར། དོགས་ཡོད་ཉེས་ཅན་དང་གྱོད་དོན་དང་འབྲེལ་བའི་ཅ་ལག་ཡུལ་དེ་གའི་ནགས་ཚུལ་སྤྱི་བདེ་ལ་རྩིས་སྤྲོད་བྱས།
སྡེ་དགེ་རྫོང་གི་སྤྱི་བདེ་ཅུས་ཏ་མ་སྤྱི་བདེ་མངག་གཏོང་ཁང་ལ་ཉེན་བརྡ་གཏོང་མཁན་གྱིས། ཡུལ་དེ་གར་མི་འགའ་ཡིས་རང་སྣང་གང་ཤར་གྱིས་ཤིང་གཅོད་བཞིན་པར་མ་ཟད། ཁྲིམས་འགལ་གྱི་བྱ་བ་སྒྲུབ་བཞིན་པའི་བརྡ་བཏང་། སྤྱི་བདེ་མངག་གཏོང་ཁང་དུ་ཉེན་བརྡ་འབྱོར་མ་ཐག མི་དམངས་ཉེན་རྟོག་པས་མཚན་མོའི་ཁ་བ་བུ་ཡུག་ལ་མ་འཛེམ་པར་དུས་ཚོད་7ལྷག་གི་ལམ་ཐག་བརྒྱུད་དེ་ཁྲིམས་འགལ་གྱི་ལས་ཀ་སྤེལ་བཞིན་པའི་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས། བསད་ཟིན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོགས་ཆགས་ཤྭ་བ་མཆུ་དཀར་གཉིས་ཀྱི་བེམ་རོ་རྙེད།།