གནམ་ལོ་གསར་ཚེས་འཆར་དུས། ཁྱིམ་མི་ཚང་མ་ལྷན་ཏུ་འཛོམས་པ་དང་ཆབས་ཅིག ལོ་རེར་ཐེངས་གཅིག་གི་གནམ་ལོ་གསར་ཚེས་ཀྱི་ལོ་གསར་དགོང་ཚོགས་ཀྱིས་ཀྱང་གྲོང་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་པ་རེད། ལྷ་ས་གྲོང་ཁྱེར་གྱི་2017ལོའི་བོད་ལུགས་གནམ་ལོ་གསར་ཚེས་ཀྱི་ལོ་གསར་དགོང་ཚོགས་ནི་དུས་ཡུན་ཆུ་ཚོད་བཞི་ཡིན་ལ། ལེ་ཚན་36ནང་གླུ་དབྱངས་ཀྱི་རིགས་དང་། ཞབས་བྲོའི་རིགས། སྐད་བརྡའི་རིགས། གཞས་མ་གཏམ་གྱི་རིགས། རྫུ་འཕྲུལ་གྱི་རིགས། རྩལ་རྩེད་སྣ་ཚོགས་ཀྱི་རིགས་སོགས་རྣམ་གྲངས་མང་པོ་ཞིག་འདུས་ཡོད། ལྷ་ས་གྲོང་ཁྱེར་གྱི་2017ལོའི་བོད་ལུགས་ལོ་གསར་དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་པད་དབྱངས་ཀྱིས"ལེ་ཚན་རེ་རེར་རིམ་པ་ཁག་གིས་དཔྱད་འདེམས་དང་ཕབ་སྒྲིག་ཞིབ་ཚགས་བྱས་པ་ལས་ཐོན་པས་རྒྱ་ཆེའི་གཟིགས་མོ་བ་ཚོའི་སྤྲོ་སེམས་འཕེལ་ངེས་ཡིན"ཞེས་བརྗོད།
ལྷ་ས་གྲོང་ཁྱེར་གྱི་2017ལོའི་བོད་ལུགས་ལོ་གསར་དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་པད་དབྱངས་ཀྱིས"ལྷ་ས་གྲོང་ཁྱེར་གྱི་2017ལོའི་བོད་ལུགས་གནམ་ལོ་གསར་ཚེས་ཀྱི་ལོ་གསར་དགོང་ཚོགས་ཕབ་སྐྲུན་ལེགས་གྲུབ་བྱུང་བ་དང་། དགོང་ཚོགས་ཡོངས་ལ་ལེ་ཚན་36དང་དུས་ཡུན་ཆུ་ཚོད་བཞི་ཡིན་པ། སྙིང་བཅུད་ལེ་ཚན་24ཡོད་ལ་འཁྲབ་སྟོན་པའི་དཔུང་ཁག་མི་400ལྷག་ཙམ་ཡོད"ཅེས་མཚམས་སྦྱོར་གནང་བ་རེད།