སྤྱི་ཟླ3པའི་ཚེས8ཉིན། རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་སྐབས་དང་བསྟུན་ནས་དར་མདོའི་མཛའ་གཞས་ཐང་ཆེན་དུ་དར་མདོ་གྲོང་ཁྱེར་བཀྲ་ཤིས་དགོན་པའི་ཇོ་མོ་རྣམས་ཀྱིས་འཚེམ་དྲུབ་བྱས་པའི་ལག་ཤེས་ཐོན་རྫས་རིན་གོང་གང་མཐོར་འཚོང་བའི་དགེ་སྒྲུབ་བྱེད་སྒོ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་དཀར་མཛེས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དར་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། མ་ཎི་འབྲུ་དྲུག་དང་མེ་ཏོག་སོགས་འཚེམ་པའི་ཐོན་རྫས36རིན་གོང་གང་མཐོར་འཚོང་བ་དང་། འཚོང་རིན་གྱི་ཡོང་འབབ་དག་ཇོ་མོ་ཚོའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཆེད་དུ་སྤྲད་པ་རེད། །