མི་དཀྱུས་མའི་དྲན་ཤེས་ཀྱང་བློས་དཔག་དཀའ།
ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13
ཧོ་ལན་ཚན་རིག་པས་ཤེས་རྟོག་བྱུང་བ་ལྟར་ན། སྦྱོང་བརྡར་འོས་འཚམ་ཡིན་ཚེ། མི་དཀྱུས་མའི་དྲན་ཤེས་ལང་ནུས་པ་ཆེན་པོ་ལྡན་པ་རེད།
ཧོ་ལན་གྱི་ནའེ་མེ་ཧེང་སློབ་ཆེན་གྱི་གསོ་རིག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣས་སློབ་དཔོན་ཆེན་མོ་མང་པོ་ཞིག་གི་ཀླད་ཆེན་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། བྱེད་ནུས་རང་བཞིན་གྱི་དཔྱད་ཆས་ཚད་ལེན་གྱིས་ཁོང་ཚོའི་ཀླད་ཆེན་ནང་གི་ཁྲག་རྒྱུན་གྱི་འགྱུར་བ་ལ་རྟོག་ཞིབ་བྱས་ནས་ཀླད་ཆེན་གྱི་འགུལ་སྐྱོད་ལ་དབྱེ་ཞིབ་བྱས། ཤེས་རྟོགས་བྱུང་བ་ནི་སློབ་དཔོན་དེ་དག་གིས་ཀླད་ཆེན་གྱི་གྲུབ་ཚུལ་མིའི་དཀྱུས་མའི་ཀླད་ཆེན་གྱི་གྲུབ་ཚུལ་དང་ཁྱད་པར་ཆེན་པོ་མེད་པར་ཀླད་ཆེན་གྱི་སྦྲེལ་མཐུད་མི་དཀྱུས་མ་དང་ཁྱད་པར་ཡོད་པ་ཙམ་རེད།།