ལོ་ངོ་70ཡི་དུས་ཚད་ཐོན་རྗེས་ཁང་པའི་སྤྱོད་དབང་མུ་མཐུད་དུ་དུས་འགྱངས་བྱས་ཆོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


       
        སྤྱི་ཟླ་3པའི་ཚེས་15ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་མཇུག་སྒྲིལ་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་བཅར་འདྲི་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་གསར་གསར་འགོད་པའི་དྲི་བར་ལན་བཏབ། 
        ལེ་ཁེ་ཆང་གིས་ཁང་བའི་སྤྱོད་དབང་ཐད་ཀྱི་དྲི་བར་ལན་འདེབས་སྐབས་ལོ་ངོ་70ཡི་སྡོད་ཁང་སྤྱོད་དབང་དུས་ཚད་ལ་ཐོན་ནས་མུ་མཐུད་དུ་དུས་འགྱངས་བྱེད་པ་ནི་སྤྱི་ཚོགས་ཐུན་མོང་གི་སེམས་ཁུར་བྱེད་པའི་གནད་དོན་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་བླང་བྱ་བཏོན་ཡོད་དེ། དུས་ཚད་ལ་ཐོན་ཚེ་ད་དུང་མུ་མཐུད་དུ་དུས་འགྱངས་བྱས་ཆོག་ལ། རེ་ཞུ་བྱེད་མི་དགོས་པར་མ་ཟད་སྔོན་འགྲོའི་ཆ་རྐྱེན་མེད་ལ། ཉོ་ཚོང་ལའང་ཤུགས་རྐྱེན་བཟོ་མི་སྲིད། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་གཏན་ཚུགས་རྒྱུ་ནོར་གྱི་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ལུགས་ལ་མགྱོགས་མྱུར་ངང་ཞིབ་འཇུག་བྱས་ཏེ་གྲོས་གཞི་འདོན་རྒྱུ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1