སྡེ་དགེ་རྫོང་གིས་ཐོན་ལས་ལ་ཤུགས་སྣོན་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16
ཉེ་བའི་ལོ་འགའི་རིང་། སྡེ་དགེ་རྫོང་གིས་ཐོན་ལས་གསོ་སྐྱོང་ལ་ཤུགས་སྣོན་བྱས་ཏེ་དམངས་ཕྱུགས་སྐུལ་ཤུགས་མངོན་གསལ་གྱི་ཇེ་མཐོར་ཕྱིན།
ཤུགས་ཆེན་པོས་ཡུལ་སྐོར་ཐོན་ལས་གསོ་སྐྱོང་བྱས་པ། ཐོན་ལས་དམངས་ཕྱུག་གི་འཐབ་ཇུས་ལག་བསྟར་བྱས་ཏེ་ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བཀོད་བྱས། རིན་མེད་སྒོས་རིག་གནས་ཁང་དང་དཔེ་མཛོད་ཁང་། དམངས་སྲོལ་འཁྲབ་སྟོན་ལྟེ་གནས། རིག་གནས་གཤམ་སྤེལ་གྱི་ལས་ཀ་འབད་པས་བསྒྲུབས་པ་དང་། རིག་གནས་ལས་གཞི་ཆེན་པོ་བཞི་གོ་རིམ་ལྡན་པར་སྐུལ་འདེད་བཏང་ཞིང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འདུ་ཤེས་རིམ་བཞིན་གཏིང་ཟབ་ཏུ་བཏང་། དེ་མིན་ཚོང་རྟགས་རིག་གནས་དང་རང་བྱུང་སྣོད་བཅུད་གཙོ་གནད་དུ་བཟུང་བའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།
ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གསོ་སྐྱོང་བྱས་པ། བརྟན་བརླིང་གིས་ཞིང་ཕྱུགས་རྒྱུད་ལེགས་བསྒྱུར་བཀོད་དང་ཞིང་ཕྱུགས་ཐོན་ལས་ཀྱི་ལས་སྣོན་དང་འདེབས་གསོའི་དཔེ་སྟོན་ལྟེ་གནས་ཀྱི་འཛུགས་སྐྲུན་གཙོ་བོ་ཡིན་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སུ་བཏང་།
ཤུགས་ཆེན་པོས་ཟུར་ལུགས་བོད་སྨན་འཕེལ་རྒྱས་སུ་བཏང་བ། ཟུར་ལུགས་བོད་སྨན་འབྱུང་ཁུངས་ཀྱི་ཚོང་རྟགས་ཕྱོད་ནུས་སྔོག་འདོན་བྱས་ནས་ཤུགས་ཆེན་པོས་རྩྭ་སྨན་འདེབས་འཛུགས་དང་མགྱོགས་མྱུར་སྒོས་ཀྲུང་ལུགས་དང་བོད་ལུགས་གསོ་རིགས། དམངས་ཁྲོད་ལག་རྩལ་གཙོ་བོ་ཡིན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་།
ཤུགས་ཆེན་པོས་ཚོང་རའི་སྡེ་ཁག་གསོ་སྐྱོང་བྱས་པ། ཁེ་ལས་ཀྱི་ལོ་རེའི་སྤྱི་བསྒྲགས་དང་ཐོ་འགོད་མ་རྩ་རྩིས་སྤྲོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་ཚོང་གཉེར་བྱེད་ཡུལ་གྱི་ཐོ་འགོད་ཆ་རྐྱེན་ཇེ་ཡངས་སུ་བཏང་།།