བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ ནད་རིགས་གང་དག་གསོ་ཐུབ།

འཇམ་དབྱངས་སྐྱབས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 03-27


བོད་ལུགས་གསོ་རིག་དང་བོད་སྨན་གླེང་བ་ཙམ་གྱིས་མི་མང་པོ་ཞིག་གི་སྣང་བར་དབྱར་རྩ་དགུན་འབུ་དང་མེ་ཏོག་གངས་ལྷ། གུར་ཀུམ་སོགས་རྩ་ཆེན་གྱི་སྨན་སྣ་ལས་ཅི་ཡང་མེད་མོད། བོད་ལུགས་གསོ་རིག་ནི་མེས་རྒྱལ་གྱི་གསོ་རིག་གཏེར་མཛོད་ནང་འོད་སྟོང་འཕྲོ་བའི་ནོར་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ལ། རྟག་ཏུ་ཁྱད་འཕགས་ཀྱི་སྨན་རྩྭ་དང་ངོ་མཚར་གྱི་བཅོས་ཐབས་ཀྱིས་ནད་པ་དག་གི་ལུས་སེམས་བདེ་ལ་འགོད་བཞིན་ཡོད། ཡིན་ཡང་། བོད་སྨན་གྱིས་ནད་རིགས་གང་དག་བཅོས་ཐུབ་པ་དང་། བོད་སྨན་སྤྱོད་མི་ཆོག་ས་གང་དག་ཡོད་པའི་ཐད་ཀྱི་དོ་སྣང་དང་འཛེམ་དོགས་བྱེད་དགོས་པ་མི་ཉུང་ཤས་ཤིག་ལ་མ་གཏོགས་རྒྱུས་མངའ་མེད། ད་ནི་དེ་འབྲེལ་གྱི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་བྱེད་པར་བྱ།

བོད་སྨན་གྱིས་ནད་རིགས་གང་དག་བཅོས་ཐུབ།

བོད་ལུགས་གསོ་རིག་ནི་རང་ཅག་ཁ་བ་རི་བོའི་ཁྱད་མཚར་ཅན་གྱི་ཁོར་ཡུག་དང་། ཐུན་མོང་མ་ཡིན་པའི་རང་མི་རིགས་རིག་གནས་ཀྱི་རྒྱབ་ལྗོངས་འོག་ནས་མངལ་དུ་སྦྲུམ་པ་དེ། ད་བར་ལོ་ངོ་ཉིས་སྟོང་ལྷག་གི་ཕུགས་རིང་བའི་ལོ་རྒྱུས་ཡོད། སྔོན་བྱོན་སྐྱེས་བུ་དག་གིས་དབྱང་དབུགས་ཉུང་ཞིང་གྲང་ངར་ཆེ་བའི་མདོ་དབུས་མཐོ་སྒང་འདི་ནས་དཀའ་སྤྱད་དང་བློ་གྲོས་རྩལ་གྱི་གཟི་དཔལ་ལས་བོད་ལུགས་གསོ་རིག་གསར་ཏུ་བཏོན་ཞིང་། དེའི་སྟེང་གནའ་བོའི་རྒྱ་གར་དང་རྒྱ་ནག་གནའ་བོའི་ཨ་རབ་སོགས་ཀྱི་གསོ་བའི་རིག་གཞུང་གི་ལེགས་ཆ་ཕྱོགས་བསྡུས་ཀྱིས་བོད་རང་གི་ཁྱད་ཆོས་ལྡན་པའི་གསོ་བ་རིག་པའི་རིག་གཞུང་གི་མ་ལག་ཅིག་གྲུབ་པའོ།

བོད་ཀྱི་གསོ་བ་རིག་པ་དང་རྒྱ་ནུབ་གླིང་གི་གསོ་བ་རིག་པ་མི་འདྲ་ས་གཙོ་བོ་ནི། རྩ་བ་ཐུགས་ཀྱི་རྒྱུད་དུ། གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས་ཀྱི་རྩ་བ་གསུམ་སྟེ། བོད་སྨན་གྱིས་ལུས་ཁམས་ཀྱི་རླུང་དང་མཁྲིས་པ། བད་ཀན་བཅས་ཀྱི་ངོ་བོ་ལ་གཞིགས་ནས་གསོ་བྱ་གསོ་བྱེད་གསོ་ཚུལ་སོགས་འགྲེལ་ཏེ། དེར་རྒྱུ་རྐྱེན་གསུམ་གྱི་གཞུང་ལུགས་སུ་བྱ། རླུང་དང་མཁྲིས་པ་བད་ཀན་འདི་གསུམ་ནི་མི་ཡི་ལུས་ཕུང་གི་གྲུབ་བྱེད་གཙོ་བོ་དང་ཚེ་སྲོག་འགུལ་སྐྱོད་ཀྱི་ལུས་ཟུངས་ཀྱང་ཡིན་པར་འདོད་དེ། རྒྱུན་ལྡན་བདེ་ཐང་གི་དུས་སྐབས་སུ་འདི་དག་ཕན་ཚུན་བར་དོ་མཉམ་ཞིང་འབྲེལ་ཆགས་པས། རྒྱུན་ལྡན་གྱི་འགུལ་སྐྱོད་བྱ་ཐུབ། ནད་གཞིས་བཟུང་སྐབས་འདི་གསུམ་གྱི་ཆགས་ཚུལ་དོ་མི་མཉམ་ཞིང་མང་ཉུང་དང་ལྕི་ཡང་ཤོར་བས་འདྲ་མིན་གྱི་ནད་རིགས་བྱུང་། རྒྱུ་མཚན་དེ་ཡིས་དེ་དག་ལ་དུག་གསུམ་དུའང་འབོད་ལ། སྨན་བཅོས་ཀྱི་དོན་དངོས་ཀྱང་འདི་གསུམ་སྙོམ་སྒྲིག་བྱེད་པར་འགྲེལ།

རྒྱུ་རྐྱེན་གསུམ་གྱི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ་ནི། རྐྱེན་གསུམ་དང་ལུས་ཁམས་ཀྱི་དྭངས་མ་བདུན་དེ་དག་ནི་ཤ་དང་ཁྲག ཚིལ། རུས་པ། རྐང་། ཁུ་བ་བཅས་སོ། ད་དུང་དྲི་མ་གསུམ་སྟེ། གཤང་གཅི་རྔུལ་བཅས་སོ།བར་ཕན་ཚུན་ཟུང་འབྲེལ་དུ་གཞུང་ལུགས་ཀྱིས་ནད་གསོ་སྐྱོང་དང་སྔོན་འགོག་བྱེད་པའི་མཛུབ་ཁྲིད་བྱེད་པ་དེར་གོ །

རྒྱུན་ལྡན་དང་བདེ་ཐང་གི་སྐབས་ལ། ལུས་ཁམས་ཀྱི་རྐྱེན་གསུམ་དང་དྭངས་མ་བདུན་དྲི་མ་གསུམ་བར་དོ་མཉམ་དང་བཏང་སྙོམས་ཀྱི་ངང་གནས་ཡོད་ཀྱང་། འདི་ལྟ་བའི་གནས་བབ་ལ་འགྱུར་བ་ཅུང་ཙམ་བྱུང་རྗེས་མི་ལ་ནད་ཕོགས་པ་རེད། བོད་སྨན་གྱིས་ནད་རིགས་གསོ་བའི་བརྒྱུད་རིམ་ཁྲོད་སྤྱི་ཡོངས་ཀྱི་གཅིག་གྱུར་རང་བཞིན་དང་། ཕྱོགས་ཡོངས་ནས་དབྱེ་ཞིབ་རྩོད་སྒྲུབ། ཕྱོགས་བསྡུས་སྤྱི་ཁོག་སྙོམས་སྒྲིག་བཅས་ནི་ནན་དུ་འཛིན་པ་དང་། རྐྱེན་གསུམ་གྱི་འགུལ་སྐྱོད་དང་དྭངས་མ་བདུན་དྲི་མ་གསུམ་དེ་མིན་དབང་བོ་སོ་སོའི་བར་གྱི་བྱེད་ལས་མཐུན་སྦྱོར་ཡང་གཙུག་ཏུ་འཛིན་པ་རེད། མདོར་བསྡུས་ཏེ་བཤད་ན། ལུས་ཁམས་དོ་མཉམ་རྒྱུན་སྐྱོང་བྱ་བ་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེས་གལ་ཆེ་བའི་ངེས་ལུགས་ཡིན། དཔེར་ན། བོད་ཀྱི་གསོ་བ་རིག་པས་གྲིབ་གྲུམ་ནི་ཟས་འཇུ་བསྡུ་ཡི་བྱེད་ནུས་ཉོག་པའི་ཚེ། ཕྱིའི་དུས་ཚིགས་དང་ནམ་ཟླའི་འགྱུར་བ། ཟ་སྤྱོད་འགྲོ་འདུག་ལ་ངེས་གཏན་གྱི་རང་བཞིན་མེད་པ་རླུང་དང་འཁྲུགས་པས་རྒྱུ་རྐྱེན་གྱིས་ཆུ་སེར་ཤ་ཤུན་དང་རྒྱུས་སྐྱི། རྩ་ཚིགས་སོགས་སུ་བརྒྱུད་དེ་གྲིབ་གྲུམ་ན་བ་འདོད་དོ། །

བོད་ཀྱི་གསོ་རིག་ལ་མ་ལག་ཆ་ཚང་གི་གསོ་བ་རིག་པའི་གཞུང་ལུགས་དང་ཕུན་སུམ་ཚོགས་པའི་སྨན་རྩའི་འབྱུང་ཁུངས་ཡོད། སྙིང་དང་ཀླད་པའི་ཁྲག་རྩ། མཆིན་པ། མཁྲིས་པ། ཕོ་བ། རྒྱུ་མ། རླུང་དང་། གཞན་ཞ་བ། གྲུམ་ནད། མོ་ནད། རུས་ཆག་སོགས་ཀྱི་ཤ་པགས་རྩ་རུས་དོན་སྣོད་སོགས་གསོ་བའི་སྨན་ཐབས་ཕུལ་ཏུ་བྱུང་བ་ཡོད་དོ། །

གསོ་བའི་ཐབས།

ནད་ངོས་འཛིན་ལ་གཙོ་བོ་ལྟ་འདྲི་རེག་གསུམ་གྱི་ཐབས་ལམ་སྤྱོད་པ་རེད། སྤྱིར་བཏང་དུ་ནད་རིགས་དག་རིགས་གཉིས་སུ་དགར་ཏེ། ཁྱད་པར་ཚ་བ་བསིལ་བའི་རིགས་དང་གྲང་བ་དྲོད་ཀྱི་རིགས་གཉིས་སུ་ངོས་འཛིན། གསོ་ཐབས་སུ་སྐྱུག་པ་དང་། བཤལ་བ། ཕན་ཆུ་བཏུང་བ། ཚ་སེལ་བྱེད་པ་སོགས་དང་། དེ་མིན་ད་དུང་ཁབ་བཙའ་དང་གཏར་ག་འདེབས་པ། སྤྲ་མེ། ཚ་གྲང་བྱུག སྨན་ལུམས་སོགས་ནད་གསོ་བའི་ཐབས་མང་པོ་ཡོད།

བོད་སྨན་གྱི་སྨན་ལུམས་བྱེད་ཐབས་གཙོ་བོ་ལ། ཆུ་ལུམས་དང་རླངས་ལུམས་བྱེད་ཐབས་ཡོད། དེའི་ནང་ནས་ཆུ་ལུམས་ནི་ཆེས་རྒྱུན་ལྡན་གྱི་བཅོས་ཐབས་ཤིག་ཡིན་ལ། དེ་ནི་མིའི་ལུས་ཕུང་ཡོང་ངམ་ཡང་ན་བྱེ་བྲག་ཅིག་སྨན་ཆུའི་ནང་དུ་སྦངས་ནས་སྨན་ལུས་པོའི་ཤ་པགས་དང་རྩ་ལམ་བརྒྱུད་ནས་ལུས་ཁམས་སུ་ཁྱབ་ནས་ནད་བཅོས་བ་སྟེ། དེ་ནི་ཁྲག་རྒྱུན་གཙང་འགྱུར་དང་ཤ་སྒྲིན་མཉེན་པོར་འགྱུར་བ། རུས་སྐྱིའི་ཆུ་སྐྲངས་སེལ་བ་བཅས་ལ་ཕན་པ་དང་། རུས་ཚིགས་ཀྱི་ནུས་པ་སླར་གསོ་དང་རིམས་འགོག་ནུས་ཤུགས་ཆེ་རུ་འགྲོ་བ་སོགས་བདེ་སྲུང་གི་ནུས་པའང་ཡོད། རྒྱུན་ལྡན་དུ་ཉིན་བདུན་ནས་ཉིན་བཅུ་བཅོས་ཡུན་གཅིག་བྱེད་ལ། ཉིན་རེར་སྨན་ཆུར་ཐེངས་1ནས་2བར་སྦངས་བར་བྱ་ལ་སྔ་དྲོ་དང་ཕྱི་དྲོར་ཐེངས་གཅིག་རེར་བྱེད། ཆུ་ཡི་དྲོད་ཚད་ལ་ཚད་ཐིག་ངེས་ཅན་ཅིག་ཡོད།ཆེས་འོས་འཚམ་ནི་དྲོད་ཚད་ཏུས་གྲངས་38ནས་43ཡིན།སྨན་ཆུར་ཉལ་བའི་དུས་ཚོད་ཀྱང་འོས་འཚམ་བྱེད་དགོས།རྒྱུན་པར་སྐར་མ་22ནས་25བར།སྨན་ཆུར་ཉལ་རྗེས་ལོག་ཏུ་སྐར་3དང་5ནང་དུ་ཚ་ཐབ་རྔུལ་འབྱིན་བྱེད་དགོས། དེ་འདྲ་བྱས་ན་སྨན་རྩ་དང་དྲོད་ཚད་གཉིས་ཀྱི་ནུས་པ་ཉིས་བརྩེགས་ཀྱིས་རྔུལ་ཁུང་བཏོད་པ་དང་ཁྲག་གསོ་བ་ཁྲག་འགགས་སེལ་བ། རླན་སེལ་རླུང་འགོག་གི་སྨན་བཅོས་ཀྱི་ནུས་པ་འདོན་པར་བྱེད་པའོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1