ཏཱ་ཝེ་ཧོ་ཁེ་སིའུ་ནི་ཨ་མེ་རི་ཀའི་སྙན་གྲགས་ཅན་གྱི་སྨན་པ་ཞིག་ཡིན། ཁོ་བོས་ཕུལ་བྱུང་གི་སྨན་རྩལ་ལ་བརྟེན་ནས་དྲག་པའི་ནད་པ་གང་ས་གང་དུ་ཁྱབ་ཡོད། ཁོས་མི་ཚེ་གང་པོའི་སྨན་བཅོས་ཀྱི་བརྒྱུད་ལམ་ཁྲོད་དུ་ནད་རིགས་སྣ་མང་ལ་ཞིབ་འཇུག་བྱས་པ་མ་ཟད་ད་དུང་སེམས་ཁམས་ཀྱི་བདེ་ཐང་ལའང་མཐོང་ཆེན་བྱས་པས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། ལོ་འགའི་སྔོན་ལ་ཁོས་གལ་ཏེ་མི་ཞིག་གི་དྲན་ཤེས་ཀྱི་འགུལ་ཚད་200ལས་བརྒལ་ན་མི་དེའི་ལུས་པོ་བདེ་ཐང་ཡིན་ངེས་རེད་ཅེས་པའི་ལྟ་ཚུལ་ཞིག་འདོན་ཡོད། ཁོང་གིས་མི་ཞིག་གི་དྲན་ཤེས་ཀྱི་འགུལཚད་ཆེས་མཐོ་བ་ནི་1000ཡིན་ལ་ཆེས་དམའ་བ་ནི་1ཡིན། ཁོས་མིག་སྔར་མཐོང་མྱོང་པའི་དྲན་ཤེས་འགུལ་ཚད་ཆེས་མཐོ་བ་ནི་700ཡིན། མི་དེའི་ནུས་ཚད་ཧ་ཅང་མཐོ་ལ་ཁོར་ར་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་ཐུབ། ཁོང་གིས་ང་རང་མི་ཚེ་གོང་པོའི་ནང་དུ་ནད་རིགས་འདྲ་མིན་སྣ་ཚོགས་ལ་རྒྱུས་ལོན་བྱས་ཡོད། ནད་པ་མང་ཤོས་ཀྱི་སེམས་ཁམས་བདེ་ཐང་མིན་ལ། དུས་རྒྱུན་དུ་འཚོ་བར་དགའ་ཞེན་མེད་པ། གཞན་ལ་སྡིག་མོར་བྱ་རྒྱུ་དགའ་པ་འདི་ལྟ་བུའི་མིའི་དྲན་ཤེས་ཀྱི་འགུལ་ཚད་ནི་200ལས་དམའ་བས་ལུས་པོ་བདེ་ཐང་ཡོང་མ་རེད་ཞེས་ངོ་སྤྲོད་བྱས།
ནད་པ་མང་ཆེ་བ་ཞིག་ནིི་བྱམས་དང་སྙིང་རྗེ་མེད་ལ་གཞན་ལ་བཟོད་པ་སྒོམ་མི་ཤེས་པ་དུས་དང་རྣམ་པར་ཀུན་ཏུ་ཁོང་ཁྲོའི་ཁོག་པ་གང་ཡོད། འདི་ལྟ་བུའི་མི་རྣམས་ཀྱི་དྲན་ཤེས་ཀྱི་འགུལ་ཚད་200ཟིན་མེད་པས་ནད་རིགས་སྣ་ཚོགས་འབྱུང་སླ།
ཏཱ་ཝེ་ཧོ་ཁེ་སིའུ་ལོ་མང་པོ་ཞིག་གི་ནང་དུ་ལས་རིགས་མི་འདྲ་བ་དང་མི་རིགས་མི་འདྲ་བ། ཆོས་ལུགས་མི་འདྲ་བའི་མི་ཁྲི་བརྒྱ་ལྷག་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ལས་རྟོགས་ཐུབ་པ་ཞིག་ནི། དྲན་ཤེས་ཀྱི་འགུལ་ཚད་200ལས་བརྒལ་པའི་མི་དེ་བྱམས་དང་སྙིང་རྗེ་ལྡན་པ་དང་དགེ་སྒྲུབ་དང་རོགས་རམ་ལ་ཡིད་མོས་བྱས་པའི་མིའི་དྲན་ཤེས་ཀྱི་འགུལ་ཚད་ནི་400དང་500བར་ཡོད། དེ་ལས་ལྡོག་པ་ཞིག་ལ། འགུལ་ཚད་200ལས་དམའ་པའི་མི་དེ་དུས་དང་རྣམ་པར་ཀུན་དུ་གཞན་ལ་སྡིག་མོར་དང་ཆགས་སྡང་། ཁོངས་ཁྲོ་ལངས་སླ་བ། འདི་ལྟ་བུའི་མི་ནི་སྡིག་པ་ཆེ་ལ་ནད་ཡང་ཕོག་སླ།
ཚན་རིག་གི་ལམ་ཕྱོགས་ཐད་ནས་བཤད་ན། དྲན་ཤེས་ལ་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ལྡན་ལ། ལུགས་པོ་བདེ་ཐང་དང་འབྲལ་དུ་མི་རུང་པའི་འབྲེལ་བ་ཡང་དམ་ཟབ་ཡོད། དེ་བས། ང་ཚོས་བཤད་པའི་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པར་དོན་སྙིང་མེད་པ་ཞིག་གཏན་ནས་མིན། །