སྤྱི་ཟླ3པའི་ཚེས22ཉིན་ནས་ཚེས28ཉིན་བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་དུས་ཡུན་གཟའ་འཁོར་གཅིག་གི་དཔྱིད་དུས་ཀྱི་སྐྱེ་དངོས་སྣ་འཛོམས་རང་བཞིན་ལ་ལྟ་སྐུལ་ཚད་ལེན་བྱས་པ་དང་། མཚོ་སྔོན་པོའི་བྱ་གླིང་སོགས་ནས་བྱ་རིགས་19ཡི་ཆུ་བྱ་ཁྲི3.8ལྷག་ལ་ལྟ་སྐུལ་ཚད་ལེན་བྱས་པས། དུས་སྔོན་མ་ལས་ཆུ་བྱ་ཁྲི1.3ལྷག་གིས་ཇེ་མང་ལ་སོང་ཡོད་པ་རེད།།