རྒྱ་ཚ་རྫོང་དུ་དྲ་ཐོག་ནས་ཐོ་འགོད་བྱས་ཏེ་ལས་གཉེར་ལག་ཁྱེར་ལེན་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-05


        ཉེ་ཆར། རྒྱ་ཚ་རྫོང་བཟོ་ཚོང་ཅུས་ཀྱི་སྲིད་འཛིན་ལས་གཉེར་ཚོམས་ཆེན་ནང་རྒྱ་ཚ་རྫོང་རྭ་སྨད་གྲོང་ཚོའི་སྒོ་ཡོལ་འཚེམ་བཟོའི་ཞིང་པའི་མཉམ་ལས་ཁང་གི་འགན་ཁུར་བར་རྫོང་དེ་ཡོངས་ཀྱི་དྲ་ཐོག་ནས་ཐོ་འགོད་བྱས་པའི་ལས་གཉེར་ལག་ཁྱེར་ཐོག་མ་དེ་རག་ཡོད། དེ་ཐོག་ནས་རྒྱ་ཚ་རྫོང་གི་ལས་གཉེར་ལག་ཁྱེར་རེ་ཞུ་བྱ་རྒྱུ་དེ་དྲ་རྒྱའི་དུས་རབས་གསར་པར་སླེབས་པ་མཚོན་པ་རེད། 
        རྫོང་བཟོ་ཚོང་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར། དྲ་ཐོག་ནས་ལས་གཉེར་ལག་ཁྱེར་རེ་ཞུ་བྱེད་སྐབས། རེ་ཞུ་བྱེད་མཁན་གྱིས་བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་དྲ་ཚིགས་ནང་ཡོད་པའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སུ་ཐོ་འགོད་བྱས་རྗེས། ཐོ་འགོད་མ་ལག་གི་དྲན་སྐུལ་གཞིར་བཟུང་། རེ་ཞུ་བའི་འབྲེལ་ཡོད་དཔྱད་གཞི་སྐྱེལ་དགོས། ལས་དོན་མི་སྣས་ཞིབ་བསྡུར་བྱས་རྗེས་རེ་ཞུ་བས་བཟོ་ཚོང་ལག་ཁྱེར་སྤྲོད་སའི་སྐར་ཁུར་དུ་བསྐྱོད་ནས་ལས་གཉེར་ལག་ཁྱེར་ལེན་ཆོག་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཐོག་ནས་ལས་གཉེར་ལག་ཁྱེར་རེ་ཞུ་བྱེད་པ་དེས་ཁྲོམ་རའི་ཆོག་འཐུས་ཀྱི་སྟབས་བདེ་ཅན་ལ་སྔར་བས་སྐུལ་མ་ཐེབས་ནས། མང་ཚོགས་ཀྱིས་དགོས་མེད་ཀྱི་འགྲོ་ལུགས་ཆེད་རྒྱུག་དགོས་ཀྱི་མེད་པ་དང་། སྲིད་འཛིན་གྱི་མ་གནས་ལ་གྲོན་ཆུང་ཐུབ་ནས་ལས་སྒྲུབ་ཀྱི་ལས་ཆོད་ཀྱང་ཆེ་རུ་སོང་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1