དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་ཁང་གིས་དར་མདོའི་ཀོ་ཤ་གསོ་སྤེལ་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་སྣོན་བཏང་།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 04-11


        ཉེ་ཆར།   གསར་འགོད་པས་དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་ཁང་ནས་ཤེས་རྟོགས་བྱུང་དོན།  ཉེ་བའི་ལོ་ལྔའི་རིང་ལ་ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་རམས་པས་བདེ་བླགས་ངང་ནས་དར་མདོའི་ཀོ་ཤ་འདེབས་གསོ་དང་གསོ་སྤེལ་བྱས་པ་འདིར་སི་ཁྲོན་ཞིང་ཆེན་ཞིང་ལས་སྐྱེ་དངོས་རིགས་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གྱིས་གཏན་འབེབས་བྱས་ཏེ་གྲོས་འཆམ་བྱུང་ཡོད།   འདི་ནི་རང་རྒྱལ་གྱི་ཀོ་ཤའི་ཐོན་ལས་འཕེལ་རྒྱས་དང་།   དེ་བཞིན་དུ་སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། 
        ཤེས་རྟོགས་བྱུང་བ་ལྟར་ན། དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་ཁང་དང་མཉམ་དུ་བཟའ་བྱའི་ཤ་མོའི་ལས་གཞི་དེ་སི་ཁྲོན་ཞིང་ཆེན་གྱི་བཟའ་བྱའི་ཤ་མོ་གསར་གཏོད་ཚོགས་པ་དང་རུ་ཁག་གི་རྒྱབ་སྐྱོར་འོག  2012ལོར་དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་རམས་པས་དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་མཚོ་འཕགས་སྨི2200ལྡན་པའི་ནགས་ཁྲོད་དུ་རི་སྐྱེས་ཀོ་ཤ་འཐུ་རྒྱུ་རག་པ་རེད། སོ་སོ་ཁ་གྱེས་པ་དང་། གཙང་དག ལེགས་འདེབས། ཤ་མོ་སྐྱེ་སྲིང་བྱ་རྒྱུར་ཐོན་སྐྱེད་ཚོད་ལྟ་ཐེངས་མང་པོ་བྱས་པར་བརྒྱུད།  མཐའ་དར་མདོའི་ཀོ་ཤའི་གཟུགས་དབྱིབས་དང་ཁྱད་ཆོས་མངོན་གསལ་མཚོན་ཐུབ་པ་རེད། གཙོ་བོ་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་དང་ཐོན་ཚད་ཞིབ་བསྡུར་བྱས་ན་བརྒྱ་ཆ10.7ཡན་ཆད་འཕར་བར་མ་ཟད། བྱེད་ནུས་དམིགས་གསལ་ཡོད་པ་དང་རིན་གོང་ཞིབ་བསྡུས་བྱས་ན་ལྡབ10ནས20འཕར་བ་རེད། 
        དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་རམས་པ་ཐང་མིང་ཞན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དར་མདོའི་ཀོ་ཤ་མུའུ་རེའི་ཐོན་ཚད་སྤྱི་རྒྱ400དང་སྤྱི་རྒྱ་རེར་སྒོར300ལྟར་ཚོད་རྩིས་བྱས་ན། ལོ3རིང་ལ་ཞིང་འབྲོག་མང་ཚོགས་ཀྱིས་ལོ་རེར་མུའུ་རེར་ཡོང་འབབ་རྐྱང་པ་སྒོར་ཁྲི2ཡས་མས་རག་ནས་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དུ་མཐོ་རུ་ཕྱིན་ཐུབ་རྒྱུ་རེད། དེ་མ་ཟད་ཀོ་ཤ་ལ་སྨན་བཅོས་ཀྱི་རིན་ཐང་ཆེན་པོ་ལྡན་ལ་ཁྱབ་སྤེལ་གཏང་རྒྱུའི་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1