སི་ཁྲོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-11
སྤྱི་ཟླ་4པའི་ཚེས་10ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་གྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ཁྲེན་ཏུའུ་ནས་གཟབ་རྒྱས་ངང་འཚོགས་ཤིང་། རང་ཞིང་གི་ཚན་རིག་ལས་དོན་ཐད་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག་པའི་ཚན་རིག་ལག་རྩལ་གྱི་ལས་བྱེད་པར་གཟེངས་བསྟོད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་ཆེན་ལ་ཞུགས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་ཚོགས་ཆེན་ལ་གཙོ་སྐྱོང་བྱས་པར་མ་ཟད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ལ་བླང་བྱ་བཏོན།
ཚོགས་ཆེན་གྱི་སྔོན་དུ་ཝང་ཏུང་མིང་དང་དབྱི་ལི་ཡིས་གཟེངས་རྟགས་ཐོབ་པའི་ལས་གཞིའི་འགའི་ངོ་སྤྲོད་ལ་གསན་ཏེ། ལས་གཞའི་ཚན་རྩལ་གྱི་གསར་སྤེལ་དང་བསྒྱུར་བཀོད་བེད་སྤྱོད། ཚོང་ར་རྒྱ་སྐྱེད། འཇོན་མི་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། འབྲེལ་ཡོད་ལས་ཁུངས་དང་རུ་ཁག་གི་ཆེད་མཁས་པའི་ཧུར་བརྩོན་དང་གྲུབ་འབྲས་ལ་ཁས་ལེན་གནང་།
དབྱི་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་དེ་གཟེངས་རྟགས་ཐོབ་པའི་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་བྱེད་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཁོང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོས་ནན་ཏན་གྱིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་གསར་གཏོད་གསར་སྤེལ་ཐད་ལ་བཏོན་པའི་མངོན་གསལ་གྱི་བླང་བྱར་ལག་བསྟར་དོན་འཁྱོལ་བྱས་ནས། ཁྱོན་ཡོངས་ནས་ལས་གྲྭ་ཨང་དང་པོ་བཅོས་སྒྱུར་དང་རྒྱུན་ཆད་མེད་པར་ཚན་རྩལ་གསར་གཏོད་དཀྱིལ་སྙིང་ཡིན་པའི་ཁྱོན་ཡོངས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏང་དགོས་པར་མ་ཟད། མགྱོགས་མྱུང་སྒོས་རང་ཞིང་ཚན་རྩལ་གྱི་ཞིང་ཆེན་ནས་ཚན་རྩལ་གྱི་སྟོབས་ལྡན་ཞིང་ཆེན་དུ་བསྐྱོད་པར་སྐུལ་འདེད་གཏང་དགོས། དེ་མིན་མགྱོགས་མྱུར་སྒོས་གསར་གཏོད་སྣེ་ཁྲིད་ཀྱི་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ་རྒྱལ་ཡོངས་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བསྟན།།