ད་ལོར་སི་ཁྲོན་ཞིང་ཆེན་གྱིས་མི་ཁྲི33ལ་དབུལ་སྐྱོར་གནས་སྤོར་བྱ་རྒྱུ་རེད།

དབང་ཆེན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། རྔ་བའི་གསར་འགྱུར། སྤེལ་དུས། 04-12


        དབུལ་བྲལ་གནད་སྒྲོལ་གྱིས་ཁྱིམ་གཞིས་སྔར་ལས་ཇི་ལྟར་ཇེ་མཛེས་སུ་བསྒྱུར་དགོས་ཞེ་ན། ཉེ་ཆར། རང་རེའི་ཞིང་ཆེན་གྱིས་བཏོན་པའི《གཞན་ཡུལ་དབུལ་སྐྱོར་གནས་སྤོར་གྱི2017ལོའི་ལག་བསྟར་འཆར་གཞི།》དང《གྲོང་གསར་འཛུགས་སྐྲུན་དབུལ་སྐྱོར་གྱི2017ལོའི་ཆེད་དོན་ལག་བསྟར་འཆར་གཞི།》  《གྲོང་སྡེའི་ས་ཞིང་བདག་སྐྱོང་དབུལ་སྐྱོར་གྱི2017ལོའི་ཆེན་དོན་ལག་བསྟར་འཆར་གཞི།》སོགས་ལས་དགོས་འདུན་གསལ་བོ་བཏོན་ཡོད། ད་ལོར། རང་རེའི་ཞིང་ཆེན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར198.58གཏོང་རྒྱུའི་འཆར་གཞི་བཀོད་དེ། གྲོང་སྡེའི་ཐོ་འགོད་དབུལ་བོ་ཁྲི33ལ་གཞན་ཡུལ་ནས་དབུལ་སྐྱོར་གནས་སྤོར་བྱེད་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར10.32དེ་དབུལ་རྫོང30ཡི་གྲོང་སྡེ70ཡི་ས་ཞིང་བདག་སྐྱོང་གི་ཆེད་དོན་དབུལ་སྐྱོར་རྣམ་གྲངས་ལ་སྤྱོད་པའི་འཆར་གཞི་བཀོད།
        ཞིང་ཆེན་འཕེལ་རྒྱུས་སྒྱུར་བཅོས་ཨུའི་གུད་ཚབ་ལས་སྤྲོད་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་རང་རེའི་ཞིང་ཆེན་གྱིས་གོམ་གང་མདུན་སྤོས་སྒོས་གཞན་ཡུལ་ནས་དབུལ་སྐྱོར་གནས་སྤོར་བྱ་བའི“དུས་ཚོད་ཀྱི་རེའུ་མིག”མངོན་གསལ་བྱས་ནས། གཞི་ཁྱོན་ཅུང་ཆེ་བའི་གཅིག་བསྡུས་ཀྱི་བཀོད་སྒྲིག་བྱེད་གནས་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པའི་གྲང་ངར་ཆེ་བའི་ས་ཁུལ་ཉུང་ཤས་ཕུད། ཟླ3པའི་ཟླ་མཇུག་སྔོན་དུ་གནས་སྤོ་ཁྱིམ་དུད་ཀྱི་སྡོད་ཁང་ཕྱོགས་ཡོངས་ནས་སྐྲུན་མགོ་འཛིན་དགོས་པ་དང་། ཟླ7པའི་ཟླ་མཇུག་སྔོན་དུ་སྡོད་ཁང་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས།    ཟླ10བའི་ཟླ་མཇུག་སྔོན་དུ་ཁང་རྙིང་བཤིག་པའི་ལས་ཀ་ལེགས་སྒྲུབ་བྱེད་དགོས། ཟླ11པའི་ཟླ་མཇུག་སྔོན་དུ་མ་དངུལ་གཏོང་སྤྲོད་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག     གནས་སྤོ་དུད་ཁྱིམ་ཆུ་འབྲུབ་དུས་ཀྱི་བར་བརྒལ་བཀོད་སྒྲིག་དེ་ས་ཁུལ་སོ་སོའི་འཕྲལ་སྒྲུབ་ཇུས་གཞིར་འགོད་དགོས་པ་བཏོན།
        དབུལ་དུད་ཀྱིས་གནས་སྤོ་ཁང་སྐྲུན་པའི་རྐྱེན་གྱིས་དོམ་ལ་ཐུག་པ་སྔོན་འགོག་བྱ་ཆེད། རང་རེའི་ཞིང་ཆེན་གྱིས་བསྟན་པར།  རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་འཛུགས་སྐྲུན་གཞི་ཁྱོན་ལྟར་མ་དངུལ་རྒྱབ་སྐྱོར་བྱེད་རྒྱུ་དང་། མཐོ་སྒང་བོད་ཁུལ་དང་ལའང་ཧྲན་ཆེ་ཆུང་གི་དབྱི་ཁུལ་དུ་ཆ་སྙོམ་གྱིས་ཁང་སྐྲུན་མ་རྩ་བརྒྱ་ཆ80ལས་མི་ཉུང་བ་དང་། ཆིན་པ་རི་ཁུལ་དང་ཝུའུ་མིང་རི་ཁུལ་དུ་བརྒྱ་ཆ70ལས་མི་ཉུང་བ། ས་ཁུལ་གཞན་པར་བརྒྱ་ཆ60ལས་མི་ཉུང་བ་བྱས་ནས། ཁྱིམ་ཚང་རེ་རེར་ཆ་སྙོམ་སྒོས་སྡོད་ཁང་འཛུགས་སྐྲུན་ལ་སྤྱད་པའི་རང་གསབ་མ་དངུལ་རྩ་དོན་ལྟར་ན་སྒོར་ཁྲི1ལས་མི་བརྒལ་བར་འགན་ལེན་བྱས། 
        དབུལ་སྐྱོར་གྲོང་གསར་འཛུགས་སྐྲུན་ཐད་དུ། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར48.139བཀོད་སྒྲིག་བྱས་ཏེ།    གྲོང་སྡེའི་ཉེན་ཁང་ཁྱིམ་ཚང་ཁྲི13བཅོས་སྐྲུན་ལེགས་སྒྲུབ་དང་། དབུལ་སྐྱོར་གྲོང་གསར3700འཛུགས་སྐྲུན་ལག་ཏུ་བསྟར་རྒྱུ་གསལ་བོ་བཏོན།
        ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ཡུལ་གྲོང་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། ཕྱོགས་གསུམ་པའི་ལྟ་སྐུལ་དོ་དམ་ཉོ་སྒྲུབ་བྱེད་སྟངས་ཁྱབ་སྤེལ་བྱས་ནས་རྟེན་གཞིའི་རྨང་གཞི་དང་། འགུལ་འགོག་གྲུབ་ཚུལ་སོགས་འགག་རྩ་གལ་ཆེན་དང་། འགག་རྩའི་གནས་ལ་ལྟ་སྐུལ་དོ་དམ་ཤུགས་སྣོན་བཏང་སྟེ། ལག་རྩལ་མི་སྣ1000ཡུལ་དངོས་སུ་ཕྱིན་པར་རྩ་འཛུགས་བྱེད་པ་དང་། ལྷག་པར་དུ་ལའང་ཧྲན་གྱི་དབྱི་ཁུལ་དང་མཐོ་སྒང་བོད་ཁུལ་དུ་ལག་རྩལ་ཁྲིད་སྟོན་བྱེད་པ། རྫོང་རིམ་སྲིད་གཞུང་གིས་སྡོད་ཁང་བདེ་འཇགས་འགན་ལེན་གྱི་འགན་གཙོ་བོ་འཁུར་དགོས་ཞེས་བཏོན།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1