མཛོད་དགེ་རྫོང་གིས་བྱེད་ཐབས་ཆེན་པོ་གསུམ་བཏོན་ནས་རོང་འབྲོག་དམངས་ལ་དཔྱིད་སྐྱོན་བརྒལ་རོགས་བྱས།

དབང་ཆེན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར། སྤེལ་དུས། 04-12


        ཉེ་བའི་ལོ་ཤས་རིང་། སྒོ་ཕྱུགས་ཀྱི་དགུན་དུས་ཤ་ཤེད་ངན་པ་དང་། དཔྱིད་དུས་ཤི་ཉེན་ཆེ་བའི་གནད་དོན་ནུས་ཡོད་ཀྱིས་ཐག་གཅོད་བྱ་ཆེད། མཛོད་དགེ་རྫོང་གིས་དོན་དངོས་ལ་རྐང་བཙུགས་པ་དང་།   ཇུས་འགོད་ལེགས་པོ་བྱས་ནས། བྱེད་ཐབས་ཆེན་པོ་གསུམ་ལག་ཏུ་བསྟར་ཏེ། རོང་འབྲོག་དམངས་ལ་དཔྱིད་ཀྱི་ཁ་ཐན་བརྒལ་རོགས་བྱས།
        སྔོན་འགོག་གི་གཙོ་གནད་མདུན་ཕྱོགས་སུ་སྤོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བཏང་བ་དང་། མ་དངུལ་སྒོར་ཁྲི320བཏང་སྟེ། གཟན་རྩྭ་གསོག་འཇོག་རྟེན་གཞི་མུའུ་ཁྲི2000ཅན་བཞི་གསར་སྐྲུན་དང་། མ་དངུལ་སྒོར་ཁྲི1202བཏང་སྟེ། དྲོད་ཁང596སྐྲུན་ནས། སྒོ་ཕྱུགས་དཔྱིད་ཁའི་དཀའ་གནད་བརྒལ་རོགས་བྱས།
        རྫོང་ཡོངས་ཀྱི་གཟན་རྩྭ་གསོག་ཚད་ཏན་ཏིག་གིས་ཇེ་མང་བཏང་། མ་དངུལ་སྒོར་ཁྲི110བཏང་སྟེ། གཟན་རྩྭ་ཏུན440ཉོས་ཤིང་གསོག་འཇོག་བྱས། རོང་འབྲོག་དམངས་སྒེར་གྱིས་གཟན་རྩྭ་གསོག་འཇོག་ཚད་ཤུགས་སྣོན་བཏང་སྟེ། རོང་འབྲོག་དམངས་ཁྱིམ་ཚང་རེའི་ཆ་སྙོམས་སུ་མུའུ5ཡི་ཚད་གཞིའི་གཟན་རྩྭ་གསོག་འཇོག་ལས་ཀ་ཟབ་སྤེལ་བྱས།
        ཁ་སྣོན་ནུས་ཤུགས་མུ་མཐུད་དུ་ཆེ་རུ་བཏང་། དཔྱིད་ཁ་འབབ་དུས། རྫོང་དེས་གནོད་ཚུལ་ཉིན་རེར་ཡར་ཞུའི་ལམ་ལུགས་ལག་ཏུ་བསྟར་ཏེ། དུས་ཐོག་ཏུ་གནོད་ཐེབས་གནས་ཚུལ་ཁོང་ཆུད་བྱས། གྲོང་སྡེ་དང་ཁྱིམ་ཚང་དུ་ཕྱིན་ནས་ཞིབ་བཤེར་དང་། ལག་ཡོད་སྒོ་ཕྱུགས་གྲངས་དང་གཟན་རྩྭ་གསོག་འཇོག་གནས་ཚུལ་རྒྱུས་ལོན། གཟན་རྩྭའི་ཆད་ས་ཞིབ་བསྡུར་བཅས་བྱས་པ་བརྒྱུད། སྒོ་ཕྱུགས་དང་ཁྱིམ་ཚང་། གཟན་རྩྭ་བཅས་མངོན་གསལ་བྱས། གཟན་རྩྭ་ཏུན440བྱིན་པ་དེ། གཙོ་གནད་ཁ་འགོག་ཕྱུགས་སྐྱོབ་རྟེན་གཞི་ནང་གི་འབྲོག་ཁུལ་ཡུལ་གྲོང8དང་ཕྱུགས་ར2དང་འབྲེལ།
        ཉེན་འགོག་འགན་ལེན་གྱི་གྱོང་གུད་འགོག་ནུས་མངོན་དུ་གསལ། སྒོ་ཕྱུགས་ཉེན་འགོག་འགན་ལེན་ལས་ཀར་ཤུགས་ཆེན་གྱིས་སྐུལ་འདེད་བཏང་སྟེ། རོང་འབྲོག་དམངས་ཧུར་ཐག་གིས་ཉེན་འགོག་འགན་ལེན་ལ་ཞུགས་པར་སྐུལ་སློང་བྱས། 2015ལོ་ནས2016ལོའི་བར་དུ་ཟོག55091ཉེན་འགོག་འགན་ལེན་ལ་ཞུགས་པ་དང་། 2016ལོ་ནས2017ལོའི་བར་དུ་ཟོག་ཁྲི11ཉེན་འགོག་འགན་ལེན་ལ་ཞུགས་ཏེ། ཉེན་འགོག་འགན་ལེན་ལ་ཞུགས་ཚད་མུ་མཐུད་དུ་རྒྱ་སྐྱེད་བཏང་། ད་ལོའི་དཔྱིད་དུས་ཁངས་ཐན་ཁྲོད། རྫོང་ཡོངས་སུ་ཟོག2086ཤི་བས། སྒོ་ཕྱུགས་ཉེན་འགོག་འགན་ལེན་བརྒྱུད་དེ། དཔལ་འབྱོར་གྱོང་གུད་སྒོར་ཁྲི210.4ནུས་ཡོད་ཀྱིས་བསལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1