ཞི་ཅིན་ཕིང་གིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་དསྒྱུར་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 04-17


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཏང་ཡོངས་ཀྱིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ལག་ལེན་དངོས་ལས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་ནི་བསམ་བློ་ཏང་འཛུགས་དང་རྩ་འཛུགས་ཏང་འཛུགས། ལམ་ལུགས་ཏང་སྐྱོང་ལག་བསྟར་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་བྱེད་དགོས་པ་ར་སྤྲོད་བྱུང་ཡོད་པས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་ཏུ་འཇོག་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྟེན་ནས་ཏང་ཡོན་ཚད་ལྡན་དུ་གཏོང་བ་དང་ལས་བྱེད་པ་ཁ་བཤད་དོན་ཐོག་ཏུ་གནས་པ་རྒྱུན་འཁྱོངས་བྱ་དགོས་ལ། ཏང་གི་གསར་སྐྲུན་རིགས་གཞུང་ལ་བརྟེན་ནས་ཏང་ཡོངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ཏང་ཡོན་ཚང་མས་ཚད་ལྡན་ཏང་ཡོན་བྱེད་པར་སྣེ་ཁྲིད་བྱ་དགོས། གནད་འགག་ཉུང་ཤོས་དམ་འཛིན་བྱེད་པ་དང་གཞི་རིམ་གྱི་ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་བཟང་བོ་བྱ་དགོས་ལ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ཏེ། ཏང་གི་རྩ་འཛུགས་ཀྱིས་འགན་ནུས་ལག་བསྟར་དང་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། མགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཁག་ཁུར་བྱེད་པ་དང་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས་ལ། རྒྱ་ཆེའི་ཏང་ཡོན་གྱིས་རང་དཔེ་གཞན་སྟོན་བྱེད་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཁག་ཐེག་འདོན་སྤྲོད་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1