སྤྱི་ཟླ་4ཚེས་18ཉིན་ནི་ཧོར་ཟླ་གཉིས་པའི་ཚེས་ཉེར་གཉིས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གྲུ་མོ་ཆེ་གནའ་གྲོང་གི་བོད་རིགས་མང་ཚོགས་ཚོས་སྲོལ་རྒྱུན་གྱི"རྩམ་པ་དུས་ཆེན”བསུ་བ་རེད། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚོས་ཕན་ཚུན་རྩམ་པ་བཤོས་ནས་སྨོན་ལམ་འདེབས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན“རྩམ་པ་དུས་ཆེན"ནི་ས་གནས་དེ་གའི་སྲོལ་རྒྱུན་གྱི་དཔྱིད་རྨོད་ཀྱི་མཆོད་འབུལ་མཛད་སྒོ་ཞིག་ཡིན་ཞིང་། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་རེད། མང་ཚོགས་ཚོས་ཕན་ཚུན་རྩམ་པ་བཤོས་ནས་ལོ་གསར་པའི་ནང་འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་ཞིང་། ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་བཞིན་ཡོད་པ་རེད།