སྤྱི་ཟླ་4པའི་ཚེས་18ནས་21བར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་དོན་ཕྱིར་སྡོད་གཞུང་དོན་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་། ཀྲུང་གོའི་གསར་འགྱུར་ལས་ཁུངས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་ཞིང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་པའི་2017ལོའི་“རིག་གནས་ལྡན་པའི་ཀྲུང་གོ ཀྲུང་གོའི་ཕྱི་སྡོད་འཕྲིན་སྦྱོར་ལས་ཁུངས་སི་ཁྲོལ་བོད་ཁུལ་ཏུ་བསྐྱོད་པ།”ཞེས་པའི་བྱེད་སྒོ་དཀར་མཛེས་ཁུལ་ཏུ་སྤེལ། རྒྱལ་ཁབ་9ནས་ཕེབས་པའི་ལས་ཁུངས་15ཡི་གསར་འགོད་པ་དང་རྩོམ་སྒྲིག་པ་དཀར་མཛེས་ཁུལ་ཏུ་ཕེབས་ཏེ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཕྱོགས་སུ་ཐོབ་པའི་གྲུབ་འབྲས་ཐད་ལ་བཅར་འདྲི་བྱས།
ཉིན་བཞིའི་རིང་ལ། བཅར་འདྲི་ཚོགས་པ་སྔ་རྗེས་སུ་ལི་ཐང་དང་ཉག་ཆུ། རྟའུ་དང་དར་མདོ་བཅས་རྫོང་བཞིར་ཕེབས་ཏེ། མི་རིགས་ས་ཁུལ་གྱི་སློབ་གསོ་དང་ཐོན་ལས་དམངས་ཕྱུག མཛེས་སྡུག་གི་གྲོང་གསར་དང་ཡུལ་སྐོར་འཕེལ་རྒྱས། མི་རིགས་རིག་གནས་སོགས་ཁྱད་ཆོས་ལྡན་པའི་ལས་རིགས་སོགས་ལ་ལྟ་སྐོར་དང་བཅར་འདྲི་བྱས་ཏེ། བོད་ཁུལ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་རྒྱུས་ལོན་བྱས།