སྐལ་བཟང་སྒྲོལ་མར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱི་མཚན་སྙན་ཐོབ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-02


        ཉེ་ཆར། གསར་འགོར་པས་དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ལས་ཚོགས་པ་ལས་ཤེས་རྟོགས་བྱུང་པར་ལྟར་ན།  དཀར་མཛེས་ཁུལ་གླུ་གར་ཚོགས་པའི་སྐལ་བཟང་སྒྲོལ་མར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱི་མཚན་སྙན་དང་དཀར་མཛེས་ཁུལ་ཕྱུགས་ལས་ཚན་རིག་ལས་ཁུངས་ཀྱི་ཕྱོགས་བསྡུས་ཚོད་ལྟ་ཁང་གི་ཀྲུའུ་རེན་ཧོ་ཨེ་ཞང་བཅས་བློ་མཐུན་གསུམ་ལ་སི་ཁྲོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱི་མཚན་སྙན་ཐོབ། 
        ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་ཀྱི་སྤྱི་ཁྱབ་བཟོ་ལས་ཚོགས་པས་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་སི་ཁྲོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དཔྱད་འདེམས་ཀྱི་རེ་འདོད་ལྟར། དཀར་མཛེས་ཁུལ་གྱི་སྤྱི་ཁྱབ་བཟོ་ལས་ཚོགས་པས་འགོ་ཁྲིད་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱད་འདེམས་ཀྱི་ཚད་གཞི་དང་འོས་སྦྱོར་ཀྱི་གོ་རིམ་ནན་པོ་བྱས་པ་དང་མངོན་གསལ་དང་དྲང་གཞག དྲང་སྙོམས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ།  དཀར་མཛེས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། དབུལ་སེལ་འགག་སྒྲོལ་དང་ཁེ་ལས་ཀྱི་དཔལ་འབྱོར་གོང་འཕེལ་ཐད་ལ་གྲུབ་འབྲས་ཕུལ་བྱུང་ཐོབ་པའི་མི་སྒེར་དང་ཚོགས་པ་འོས་སྦྱོར་བྱས་པ་རེད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1