འོག་གཞི་དཔོན་སྒར་གྱི་འཇའ་ཚོན།
ལོ་རྒྱུས་ཀྱི་རྒྱུན་རིང་བའི་བཙན་ལྷ་རུ། ཆན་ལུང་དུས་སྐབས་ཀྱི་གནའ་བོའི་གཡུལ་ས་བཙན་ལྷ་དང་ཆུ་ཆེན། རྒྱལ་རོང་གི་བོད་དམག་ཀྲའེ་ཅང་དང་ཉིང་པའོ་རུ་ཕྱིན་ནས་བཙན་འཛུལ་མཁན་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱས་ནས་ཁྲག་གི་རྒྱ་མཚོ་འཁྱིལ་དུ་བཅུག་པའི་ལོ་རྒྱུས་རྒྱུན་རིང་བའི་གཏམ་རྒྱུད་ཡོད་པར་མ་ཟད། སྔོན་བྱོན་མེས་པོའི་མི་རབས་ནས་མི་རབས་ཀྱི་བར་དུ་རྒྱུད་འཛིན་བྱེད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་ཡོད།
འོག་གཞི་ཡུལ་དཔོན་གྱི་མཁར་རྫོང་དང་། ཆན་ལུང་གིས་ཐེངས་གཉིས་ལ་བཙན་ལྷ་དང་ཆུ་ཆེན་དུ་དམག་འཐབ་བྱས་པའི་གནའ་ཤུལ། མི་ཡཱ་ཟམ་པའི་དམར་དམག་གི་རྡོ་རིང་འོག་གཞི་ཆུ་བོའི་འགྲམ་དུ་བཞེངས་པས། འདས་ཟིན་པའི་ལོ་རྒྱུས་ལ་བརྗེད་ཐོ་བྲིས་ལ། སྡེ་པའི་འདས་མ་ད་གསུམ་གྱི་འགྱུར་ལྡོག་གི་འཕེལ་རིམ་དེ་མཚོན་ཡོད། ཆན་ལུང་དུས་སྐབས་ཏེ་སྤྱི་ལོ་1776ལོར་ཆུ་ཆེན་གྱི་དམག་འཁྲུག་ཞི་ལྷོད་བྱུང་རྗེས། བཙན་ལྷ་རྫོང་དུ་མའེ་ནོ་ཀྲི་ལི་ཐིང་བཙུགས་པ་དང་། ཨུ་ཁི་ཧྲིན་ཨན་ཧྥུའུ་སི་དེ་སྔར་བཞིན་དུ་ཙ་གོའི་ཀྲི་ལི་ཐིང་གི་བཀོད་འདོམས་འོག་གནས།
འོག་གཞི་དགོན་གྱི་དཔེ་མཛོད་ཁང་།
ཆན་ལུང་ལོའི་སྐབས་སུ་ཆུ་ཆེན་གྱི་ཇག་འཇོམས་བྱེད་རོགས་བྱས་ཏེ་བྱས་རྗེས་བཞག་པས་ཨན་ཧྥུའུ་སིའི་དབང་ཆ་གནང་ཞིང་། ཡུལ་དཔོན་མཐའ་མ་དབྱང་ཁྲེན་ཕུའུ་ཡི་བར་དུ་དཔོན་རབས་23བརྒྱུད། སྤྱི་ལོ་1989ལོར་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་རིམ་པའི་རིག་དངོས་སྲུང་སྐྱོང་གི་སྡེ་ཚན་དུ་བདམས་ཏེ། མཁར་རྫོང་དང་། གནའ་བོའི་གཡུལ་ས། རྗེས་དྲན་རྡོ་རིང་སོགས་གནའ་ཤུལ་བཅས་ནི་བཙན་ལྷའི་གནའ་བོའི་ལོ་རྒྱུས་ཀྱི་བརྗེད་ཐོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། འཛམ་གླིང་ལ་སྒོ་མོ་ཕྱེས་པའི་ཡུལ་སྐོར་བྱེད་སའི་གནས་མཆོག་ཅིག་ཏུ་ཡང་གྱུར། །